༄༅༅། ། རྒྱ་གར་སྐད་དུ། པྲ་ཀ་ར་ཎ་བིངྴ་ཀ་ཊཱི་ཀཱ། བོད་སྐད་དུ། རབ་ཏུ་བྱེད་པ་ཉི་ཤུ་པའི་འགྲེལ་བཤད། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། གང་ཐུགས་ཐུགས་རྗེ་རག་ལས་ཕྱིར། ། གཞན་གྱི་དོན་ལ་རྟག་དགྱེས་པ། ། མི་ཤེས་བཅོམ་ལ་ཕྱག་འཚལ་ལོ། ། ཉི་ཤུ་པ་ནི་རྣམ་པར་དབྱེ། ། ཐེག་པ་ཆེན་པོ་ལ་ཁམས་གསུམ་པ་རྣམ་པར་རིག་པ་ཙམ་དུ་རྣམ་པར་གཞག་ཅེས་བྱ་བ་ཚིག་དང་པོ་འདིས་ནི་རབ་ཏུ་བྱེད་པ་འདིའི་དགོས་པ་དང་། བརྗོད་པར་བྱ་བའི་རང་གི་ངོ་བོ་དང་། དགོས་པའི་ཡང་དགོས་པ་དངོས་སུ་སྟོན་ཏོ། ། འབྲེལ་པ་ནི་དོན་གྱིས་བརྟག་པར་བྱའོ། ། རབ་ཏུ་བྱེད་པའི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་རྣམས་ངེས་པར་བརྗོད་པར་བྱའོ། ། གཞན་དུ་ན་འབྲེལ་པ་མེད་པ་དང་། བརྗོད་པར་བྱ་བ་མེད་པ་དང་། དགོས་པ་མེད་པ་དང་། དགོས་པའི་ཡང་དགོས་པ་མེད་པའི་རབ་ཏུ་བྱེད་པ་ནི་རྟོག་པ་སྔོན་དུ་གཏོང་བའི་ཉན་པ་པོ་དག་ཁས་མི་ལེན་ཏོ། ། དེ་ལ་ཐེག་པ་ཆེན་པོ་ཞེས་བྱ་བ་འདིས་ནི་དགོས་པའི་ཡང་དགོས་པ་བསྟན་ཏོ། ། ཁམས་གསུམ་པ་རྣམ་པར་རིག་པ་ཙམ་དུ་རྣམ་པར་གཞག་ཅེས་བྱ་བ་འདིས་ནི་བརྗོད་པར་བྱ་བ་དང་། དགོས་པ་བསྟན་ཏོ། ། འདིར་ཁམས་གསུམ་པ་རྣམ་པར་རིག་པ་ཙམ་ཉིད་ལུང་དང་རིགས་པ་གཉིས་ཀྱིས་བསྟན་ཏོ། ། འདི་ནི་བརྗོད་པར་བྱའོ། ། ཁམས་གསུམ་པ་རྣམ་པར་རིག་པ་ཙམ་ཉིད་དུ་བསྟན་པ་ནི་དགོས་པའོ། ། བསྟན་པ་དེ་ཡང་རབ་ཏུ་དབྱེ་བས་བྱེད་པའི་ཕྱིར་ཏེ། རབ་ཏུ་བྱེད་པ་ནི་དགོས་པ་འདིའི་ཐབས་ཡིན་ནོ། །
In the language of India: Prakaraṇaviṃśakaṭīkā. In the language of Tibet: Rab tu byed pa nyi shu pa’i ’grel bshad (Commentary on the Twenty Verses). Homage to Mañjuśrī, the Youthful! Because his mind is dependent upon compassion, he always delights in the welfare of others. Homage to the one who has conquered ignorance! I shall now analyze the Twenty Verses. By this first statement, "In the Mahāyāna, the three realms are established as mere cognition," the purpose of this treatise, the essential nature of the subject matter, and the ultimate purpose of the purpose are explicitly shown. The connection should be understood through the context. The connection, the subject matter, and the purpose of this treatise must be clearly stated. Otherwise, discerning listeners will not accept a treatise that lacks a connection, lacks a subject matter, lacks a purpose, or lacks an ultimate purpose. In this context, the term "Mahāyāna" indicates the ultimate purpose. The phrase "the three realms are established as mere cognition" indicates the subject matter and the purpose. Here, the fact that the three realms are mere cognition is demonstrated through both scripture and reasoning; this is the subject matter. The demonstration that the three realms are mere cognition is the purpose. Furthermore, because that demonstration is carried out through analysis, the treatise is the means for this purpose.