༄༅༅། ། རྒྱ་གར་སྐད་དུ། ཛི་ན་མཱརྒ་ཨ་བ་ཏཱ་ར། བོད་སྐད་དུ། རྒྱལ་བའི་ལམ་ལ་འཇུག་པ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། གང་ཞིག་བག་ལ་ཉལ་ནི་བག་ཆགས་བཅས་དང་བདུད་དགྲ་མ་ལུས་ཐམས་ཅད་ནི། ། གཉེན་པོ་ཡང་དག་གཟུང་བའི་སྟོབས་ཀྱིས་ངེས་བཅོམ་བྱང་ཆུབ་མཆོག་ནི་རྒྱས་ལྡན་ཞིང་། ། ཀུན་མཁྱེན་བདེ་གཤེགས་ཐུགས་རྗེ་བདུད་རྩིའི་རང་བཞིན་སྐྱོབ་པ་རབ་སྟོན་མངའ་བདག་པོ། ། དེ་དང་བླ་མ་མཆོག་དང་དགེ་འདུན་བཅས་ལ་གུས་པས་རྟག་པར་ཀུན་ནས་འདུད། ། གཉེན་པོ་ཡོངས་སུ་གཟུང་བ་ཡིས། ། མི་མཐུན་ཕྱོགས་དེ་ཀུན་སྤང་དང་། ། བྱང་ཆུབ་མཆོག་ནི་རྟོགས་པ་དང་། ། འགྲོ་བའི་དོན་ནི་འདོད་པ་ཡིས། ། རྒྱལ་བའི་ལམ་ལ་འཇུག་པ་འདི། ། ཇི་ལྟར་ལུང་བཞིན་མདོར་བསྡུས་པས། ། རང་གིས་རྟོགས་པར་བྱ་བ་དང་། ། དགེ་སློང་མཁས་པ་བྱམས་དཔལ་བཟང་། ། ཞེས་བྱ་ཆོས་ཀྱི་དོན་གཉེར་བ། ། དེ་ཡིས་གུས་པར་བསྐུལ་བ་དང་། ། རང་ཉིད་མཆོག་ཏུ་གོམས་འཕེལ་ཕྱིར། ། རང་གི་ཤེས་རབ་ཀྱིས་བརྟགས་བརྗོད། ། སྤྱོད་ཡུལ་མིན་ལ་གོམས་བྱས་ནས། ། དོན་མཆོག་རིག་པ་ལྡན་འགྱུར་ཏེ། ། རྫོགས་པའི་བྱང་ཆུབ་འདོད་པ་ཡིས། ། ཚོད་མ་སྦྱིན་ལའང་འབད་བཞིན་ནོ། ། མདོར་ན་དལ་འབྱོར་རྙེད་དཀའ་དང་། ། མི་རྟག་ཉིད་དང་སྲེད་སྡུག་བསྔལ། ། ཐོག་མེད་སྲིད་པའི་སྡུག་བསྔལ་གྱི། ། མཚོ་ལས་འགྲོ་བ་བསྒྲལ་འདོད་དང་། ། དཔལ་ལྡན་བླ་མའི་མཚན་ཉིད་དང་། ། བྱང་སེམས་བསྐྱེད་དང་སྡོམ་པ་དང་། ། སྡིག་བཅུ་འབྲས་བུ་དང་བཅས་དང་། ། བག་མེད་འདོད་སྲེད་བུད་མེད་ཆང་། ། བག་ལ་ཉལ་དང་དེ་བཞིན་དུ། །
In the language of India: Jinamārgāvatāra. In the language of Tibet: rGyal ba’i lam la ’jug pa (Entering the Path of the Victors). Homage to the guru, the buddhas, and all the bodhisattvas. To him who has utterly conquered all latent tendencies along with their habitual imprints and all the enemies that are the māras, through the power of correctly grasping the antidotes, and who is endowed with supreme enlightenment; to the omniscient Sugata, the protector who possesses the nature of the nectar of compassion and reveals the means of salvation—to him, the supreme guru, and the Saṅgha, I bow down with constant and total devotion. Through the thorough grasping of the antidotes, all discordant factors are abandoned; supreme enlightenment is realized; and with the desire to benefit wandering beings, this "Entering the Path of the Victors" is set forth in brief, according to the scriptures, so that it may be understood by oneself. At the request of the learned monk Jampal Zangpo, who seeks the meaning of the Dharma, and for the sake of increasing my own familiarity with the supreme [path], I have composed this through the examination of my own insight. By training in that which is not the [ordinary] sphere of experience, one will come to possess the knowledge of the supreme goal. Just as one who desires perfect enlightenment strives even in the giving of vegetables, so should one strive. In brief: the difficulty of finding the freedoms and endowments, impermanence, and the suffering of craving; the desire to liberate beings from the ocean of suffering in beginningless existence; the characteristics of a glorious guru; the generation of the bodhicitta and the vows; the ten non-virtues along with their results; and likewise, heedlessness, sensual craving, women, and alcohol, as well as the latent tendencies.