༄། ། སྤྱོད་འཇུག་གི་རྣམ་པར་བཤད་པ་བཞུགས་སོ། ། ༄༅། ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། གང་ཞིག་ཐུགས་རྗེས་བྱང་ཆུབ་སེམས་གཉིས་རབ་བསྐྱེད་ནས། ། བརྩོན་འགྲུས་མཚུངས་པ་མེད་པས་ཚོགས་གཉིས་རྫོགས་མཛད་དེ། ། བདག་དང་གཞན་དོན་ཕུན་སུམ་ཚོགས་པ་བརྙེས་གྱུར་ཀྱང་། ། འཇམ་དཔལ་དབྱངས་ཀྱིས་བློ་བསྐྱེད་འགྱུར་ལའང་ཕྱག་འཚལ་ཏེ། ། སྤྱོད་ལ་འཇུག་པའི་ཚིག་གི་དོན། ། བདག་འདྲའི་སྤྱོད་ཡུལ་མ་ཡིན་ཡང་། ། བསླབ་པ་ཀུན་ལས་བཏུས་པ་ལས། ། བརྟེན་ནས་ཅུང་ཟད་བྲི་བར་བྱ། ། ད་ནི་སློབ་དཔོན་བདག་ཉིད་ཀྱིས་བསྟན་བཅོས་རྩོམ་པ་མཐར་ཕྱིན་པར་བྱ་བ་དང་། ཉན་པ་པོ་དང་འཆད་པ་པོ་རྣམས་ཀྱི་ཉན་པ་དང་བཤད་པ་མཐར་ཕྱིན་པར་བྱ་བ་དང་། བསྟན་བཅོས་ལ་འཇུག་པའི་ཡན་ལག་ཏུ་བྱ་བའི་ཕྱིར། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། ། ཞེས་བྱ་བ་ལ་སོགས་པ་དང་། སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་དག། ཅེས་བྱ་བ་ལ་སོགས་པ་མཆོད་པ་རྣམ་པ་གཉིས་གསུངས་ཏེ། དེ་ལ་དང་པོ་ནི་སངས་རྒྱས་དཀོན་མཆོག་ལ་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཐབས་ཐུན་མོང་མ་ཡིན་པ་རྟེན་ཅིང་འབྲེལ་པར་འབྱུང་བ་སྤྲོས་པའི་མཐའ་རྣམ་པ་བརྒྱད་དང་བྲལ་བ་ཇི་ལྟ་བ་བཞིན་དུ་སྟོན་པར་མཛད་པ་ཞེས་བྱ་བའི་སྒོ་ནས་མཆོད་པ་བསྟན་ཏེ། དེ་བཞིན་གཤེགས་པ་ཁོ་ན་ལས་གཞན་གྱི་ཡུལ་མ་ཡིན་པའི་ཕྱིར་རོ། ། དེ་ལ་གཉིས་པ་ནི་དཀོན་མཆོག་གསུམ་ཆར་ལ་ཡང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་སྒོ་ནས་མཆོད་པ་བསྟན་ཏེ། སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་དག། ཅེས་བྱ་བའི་སངས་རྒྱས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་ཡིན་ལ།
The Commentary on the Bodhicaryāvatāra Homage to the Great Compassionate One, Avalokiteśvara. I prostrate to Mañjuśrī, who, having fully generated the two types of bodhicitta through compassion, perfected the two accumulations with peerless diligence, and, although he has attained the perfect fulfillment of the welfare of himself and others, inspired the intellect of this author. Although the meaning of the words of the Bodhicaryāvatāra is not within the scope of someone like me, I shall write a brief explanation based upon the Śikṣāsamuccaya. Now, in order for the master himself to bring the composition of this treatise to completion, for the listeners and the teachers to bring their listening and explaining to completion, and as a preliminary limb for entering the treatise, he speaks two types of offerings: the verse beginning with "That which is dependent origination..." and the verse beginning with "The Buddhas and the Bodhisattvas..." Regarding these, the first is an offering to the Buddha Jewel by way of describing him as the one who teaches, exactly as it is, the uncommon method for the perfect fulfillment of the welfare of others—dependent origination free from the eight extremes of conceptual elaboration. This is because such a state is an object accessible to the Tathāgatas alone. The second is an offering to all Three Jewels by way of the perfect fulfillment of the welfare of others. In the phrase "The Buddhas and the Bodhisattvas," the "Buddhas" refers to the Buddha Jewel, and the "Bodhisattvas" refers to the Saṅgha Jewel.