#༄༅༅། ། རྒྱ་གར་སྐད་དུ། མཱ་#དྷྱཱ་མ་ཀ་ཨ་#བ་ཏཱ་ར་བྷཱ་ཥུ་#ནཱ་མ། བོད་སྐད་དུ། དབུ་མ་ལ་འཇུག་པའི་བཤད་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར། དབུ་མ་ལ་འཇུག་པ་རྩོམ་པར་འདོད་པས། ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་པས་ཀྱང་ཐོག་མར། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་སངས་རྒྱས་ཉིད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་པོ། སེམས་ཅན་འཁོར་བའི་བཙོན་རར་བསྡམས་པ་སྐྱབས་མེད་པ་དཔག་ཏུ་མེད་པ་མ་ལུས་པ་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ལ་བསྟོད་པར་འོས་པ་ཉིད་དུ་བསྟན་པའི་ཕྱིར། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། ། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། ། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། ། བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། ། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་སྨོས་སོ། ། དེ་ལ་གོང་ན་མེད་པའི་ཆོས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པ་མངའ་བས། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་པས་ཀྱང་དབང་ཕྱུག་དམ་པ་ཕུན་སུམ་ཚོགས་པ་ཉིད་དང་། ཉན་ཐོས་ལ་སོགས་པ་རྣམས་དེའི་བཀས་མངའ་བསྒྱུར་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཐུབ་དབང་ཞེས་བྱའོ། ། དེ་རྣམས་ལས་ཉན་ཐོས་ལ་སོགས་པ་དག་སྐྱེས་པ་ནི་དེ་དག་ལས་བསྐྲུན་པའོ། ། ཇི་ལྟར་ཞེ་ན། སངས་རྒྱས་རྣམས་བྱུང་བར་གྱུར་པ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་མ་ལོག་པ་སྟོན་པ་ལ་འཇུག་པའི་ཕྱིར་ལ།
In the language of India: Madhyamakāvatārabhāṣya-nāma. In the language of Tibet: dBu ma la ’jug pa’i bshad pa zhes bya ba. Homage to the noble Mañjuśrī Kumārabhūta. In order to enter into the treatise of the Middle Way, and desiring to compose the Madhyamakāvatāra, [the author] first offers praise to the Blessed One, whose great compassion is the primary and perfect cause of buddhahood itself, and who is characterized by the complete protection of all infinite, helpless sentient beings bound in the prison of saṃsāra, in order to demonstrate his worthiness of praise. Thus, he states these two verses beginning with: “Śrāvakas and the middling buddhas are born from the Lord of Sages; Buddhas are born from bodhisattvas. The mind of compassion, non-dual wisdom, And the spirit of enlightenment are the causes of the Conquerors’ sons.” In this regard, because he possesses the perfect sovereignty over the unsurpassed Dharma, he is the supreme sovereign even compared to śrāvakas, pratyekabuddhas, and bodhisattvas. Furthermore, because śrāvakas and others are governed by his command, the Buddha Bhagavāns are called the “Lord of Sages” (Munīndra). The fact that śrāvakas and others are born from them means they are produced from them. How so? Because when the Buddhas appear, they engage in teaching the unerring dependent origination.