༄༅༅། ། རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡཱ་ལངྐཱ་ར་བྲྀཏྟི་པིནྟྲཱརྠ། བོད་སྐད་དུ། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པའི་བསྡུས་དོན། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། ། མངོན་རྟོགས་རྒྱན་གྱི་མཚན་ཉིད་ཅན། ། རང་བཞིན་མེད་ཅིང་རྟོག་ལས་འདས། ། དཔག་བསམ་ཤིང་བཞིན་འབྲས་བཟང་ནི། ། སྩོལ་མཛད་རྒྱལ་ཡུམ་དགའ་མ་རྒྱལ། ། ཤེས་རབ་མི་གསལ་བསྟན་བཅོས་ཀུན། ། ཕྱི་རོལ་གྱུར་བདག་གང་ན་ཞིག། ཟབ་མོའི་དོན་སྟོན་དཔལ་ལྡན་ནི། ། བཟང་པོའི་འགྲེལ་པའང་གང་ན་སྟེ། ། དེ་ལྟའང་དག་པའི་དགེ་བཤེས་ཀྱིས། ། རྗེས་སུ་གཟུང་ཕྱིར་ཚིག་དང་ནི། ། ངག་དག་ལ་ནི་ལྟོས་མེད་པར། ། དེ་ཡི་བསྡུས་དོན་བདག་གིས་བྱ། ། སློབ་དཔོན་དཔལ་སེང་གེ་བཟང་པོ་འདིའི་ཞལ་སྔ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ལ་རྨོངས་པ་དང་། དེའི་ལྡོག་པ་དག་ཕོངས་པ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པར་གཟིགས་ནས། རང་ཉིད་དེ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་ཁོ་ནའི་ཉེ་བར་བསྙད་པ་ཐུགས་སུ་ཆུད་དེ། གཞན་ལ་ཡང་དེ་རྟོགས་པར་བྱ་བར་བཞེད་པས། དང་པོར་རེ་ཞིག་རྟོགས་པ་དང་ལྡན་པ་རྣམས་བསྟན་བཅོས་ལ་འཇུག་པའི་ཡན་ལག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བ་ཅན་གྱི་འབྲེལ་པ་དང་། བརྗོད་བྱ་དང་། དེའི་དགོས་པ་རྣམས་གསུངས་པ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ལ། ། ཞེས་བྱ་བ་ལ་སོགས་པའོ། ། དེ་ལ་བཅོམ་ལྡན་འདས་བྱམས་པས་མཛད་པའི་མངོན་པར་རྟོགས་པའི་རྒྱན་ཚིག་ལེའུར་བྱས་པ་ནི་གཞུང་འདིའི་བརྗོད་བྱ་ཡིན་ཏེ། བཤད་པར་བྱ་བ་ཡིན་པའི་ཕྱིར་རོ།
In the language of India: Abhisamayālaṃkāravṛttipiṇḍārtha. In the language of Tibet: mNgon par rtogs pa'i rgyan gyi 'grel pa'i bsdus don (A Summary of the Commentary on the Ornament of Clear Realization). Homage to the Blessed Lady, the Perfection of Insight. The Mother of the Victors, the beloved, who is the source of excellent fruit like a wish-fulfilling tree—she who is the nature of the Ornament of Clear Realization, devoid of intrinsic existence and transcending conceptual thought—be victorious! Where is there a treatise for those whose insight is unclear? And where is there a commentary by the glorious Bhadra that reveals the profound meaning? Nevertheless, in order to be sustained by a pure spiritual friend, I shall compose this summary of its meaning, without depending on the words and phrases [of the original]. The venerable master Śrī Haribhadra, having perceived that ignorance regarding the object of the Perfection of Insight and its opposite are the causes of all poverty and all excellence respectively, and having realized for himself the thorough explanation of the reality of the Perfection of Insight, desired to bring that realization to others as well. Thus, as a preliminary for those possessed of realization to enter the treatise, he first offered homage to the Perfection of Insight and stated the connection, the subject matter, and its purpose, beginning with the words: "To the Perfection of Insight..." In this context, the subject matter of this text is the Abhisamayālaṃkāra-kārikā composed by the Blessed Maitreya, because it is that which is to be explained.