#༄༅༅། ། རྒྱ་གར་སྐད་དུ། #ནཱ་ག་#བ་ལིཾ་བི་བྷིཿ# བོད་སྐད་དུ། ཀླུ་གཏོར་གྱི་ཆོ་ག། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ། རང་ཉིད་ལྷ་ཡི་ང་རྒྱལ་གྱིས། ། བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། ། ཡང་དང་ཡང་དུ་བསྒོམས་#བྱས་ལ། ། མདུན་དུ་པཾ་ལས་པདྨ་ནི། ། ཁ་དོག་དམར་པོ་འདབ་བརྒྱད་སྟེང་། ། ཕུཿ#བརྒྱད་ལས་ནི་ཀླུ་བརྒྱད་བསྐྱེད། ། དེ་ནས་སྙིང་གའི་འོད་ཟེར་དང་། ། ཨོཾ་ཕེ་ཕུ་ཞེས་པས་ཀླུ་ཆེན་བརྒྱད། ། འཁོར་དང་བཅས་པ་བཀུག་ལ་བསྟིམ། ། དཀར་གསུམ་མངར་གསུམ་བདུད་རྩིར་བཅས། ། དམ་ཚིག་ཡེ་ཤེས་ཀླུ་རྣམས་མཆོད། ། དེ་ནས་གཏོར་མ་བྱིན་བརླབས་ཏེ། ། སྣོད་ནི་ཧཾ་ལས་རིན་པོ་ཆེ། ། ཤིན་ཏུ་མཛེས་ཤིང་བལྟ་#ན་སྡུག། ཡངས་ལ་རྒྱ་ནི་ཆེ་བར་བསམ། ། རིན་ཆེན་སྣོད་མཆོག་དེ་ནང་དུ། ། དཀར་གསུམ་མངར་གསུམ་བདུད་རྩིར་བཅས། ། སྣོད་ནི་ཤིན་ཏུ་གང་བར་བསམ། ། དེ་ཡི་སྟེང་དུ་ཡི་གེ་གསུམ། ། ཁ་དོག་དྲི་དང་རོ་སྦྱངས་ནས། ། བདུད་རྩིའི་རོ་མཆོག་བརྒྱ་དང་ལྡན། ། གཡས་པ་མཆོག་སྦྱིན་ཕྱག་རྒྱ་ལ། ། ཧ་ཧོ་ཧྲི་#པཾ་དག་ལས་ནི། ། དཔག་བསམ་ཤིང་ནི་བསམ་བྱས་ལ། ། ལོ་མ་ཡལ་ག་ཐམས་ཅད་ལ། ། རིན་ཆེན་བུམ་པ་བདུད་རྩིས་བཀང་། ། དཔག་ཏུ་མེད་པ་བསམས་ནས་ནི། #། བྷྲཱུྃ་ལས་བདུད་རྩིའི་ཆར་བབ་པས། ། གཏོར་མས་#ཡོངས་སུ་གང་བར་བསམ། ། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད། ། མགྲོན་རྣམས་ཐམས་ཅད་ལྕེ་ལས་ནི། ། ཧཱུཾ་ལས་རྡོ་རྗེའི་སྦུ་གུས་རྔུབ། ། ཨོཾ་ཨ་ནནྟ་བ་ལིཾ་ཨི་དཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཏཀྵ་ཀ། ཨོཾ་ཀུ་#ལི་ཀ། ཨོཾ་བཱ་སུ་ཀི#། ཨོཾ་ཤཾ་ཁ་པཱ་ལ། ཨོཾ་མ་ཧཱ་པདྨ། ཨོཾ་བ་རུ་ཎ།
In the language of India: Nāgabalividhiḥ. In the language of Tibet: Klu gtor gyi cho ga (The Ritual of the Nāga Torma Offering). Homage to the Venerable Noble Tārā! With the divine pride of oneself as the deity, one should repeatedly meditate on love, compassion, and the bodhicitta. In front, from the syllable paṃ, arises an eight-petaled lotus of red color. Upon it, from eight phuḥ syllables, the eight nāgas are generated. Then, with light rays from the heart and the mantra oṃ phe phu, the eight great nāgas together with their retinues are summoned and absorbed. The three white and three sweet substances, together with nectar, are offered to the samaya and wisdom nāgas. Then, the torma is consecrated: the vessel is visualized as arising from haṃ as a precious jewel, exceedingly beautiful and lovely to behold, vast and of great extent. Within that supreme precious vessel, the three white and three sweet substances together with nectar are visualized as completely filling the vessel. Above that, the three syllables (oṃ āḥ hūṃ) purify the color, fragrance, and taste, so that it possesses a hundred supreme flavors of nectar. With the right hand in the mudrā of supreme generosity, from ha ho hrīḥ paṃ, one visualizes a wish-fulfilling tree. On all its leaves and branches, there are precious vases filled with nectar, visualized as immeasurable. From bhrūṃ, a rain of nectar falls, and one visualizes the torma as being completely filled. Recite oṃ āḥ hūṃ three times. All the guests, through their tongues, drink by means of vajra tubes arising from hūṃ. Oṃ ananta bali idaṃ kha kha khāhi khāhi. Oṃ takṣaka. Oṃ kulika. Oṃ vāsuki. Oṃ śaṅkhapāla. Oṃ mahāpadma. Oṃ varuṇa.