༄༅༅། ། རྒྱ་གར་སྐད་དུ། མ་ཧཱ་བ་ལིཾ་ཀརྨ་ཀྲ་མ་བྲྀཏྟི། བོད་སྐད་དུ། གཏོར་མ་ཆེན་པོའི་ལས་ཀྱི་རིམ་པའི་འགྲེལ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། དངོས་པོ་ཀུན་བདག་རྡོ་རྗེ་སེམས། ། སྟོན་ཀའི་ཟླ་བ་ལྟར་དཀར་བ། ། སངས་རྒྱས་ཀུན་གྱི་བདག་ཉིད་ཆེ། ། རྒྱུད་བདག་མགོན་པོར་ཕྱག་འཚལ་བསྟོད། ། འཇམ་དབྱངས་ལ་སོགས་ཐམས་ཅད་ལ། ། རྡོ་རྗེ་གུས་པར་ཕྱག་འཚལ་ནས། ། གཏོར་མ་ཆེན་པོའི་རིམ་པ་འདི། ། བློ་དམན་རྣམས་ལ་ཕན་ཕྱིར་བཤད། ། ཉན་པ་པོ་རྟོག་པ་དང་ལྡན་པ་རྣམས་དགོས་པ་ལ་སོགས་པ་མེད་པ་ལ་མི་འཇུག་པས་དང་པོ་རེ་ཞིག་དགོས་པ་ལ་སོགས་པ་བརྗོད་པར་བྱ་སྟེ། དེ་ལ་དགོས་པ་ནི་གཏོར་མ་ཆེན་པོའི་ལས་ཀྱི་རིམ་པ་ཤེས་པར་བྱའོ། ། དེས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་དགོས་པའི་དགོས་པའོ། ། དེ་ཡང་སློབ་དཔོན་གྱི་གཞུང་འདིས་རྟོགས་པ་འབྲེལ་པའོ། ། བརྗོད་བྱ་ལས་ཀྱི་རིམ་པ་ཉིད་དོ། ། ཤེས་རབ་ཡེ་ཤེས་འོད་ལྡན་པ། ། ཡན་ལག་ཐམས་ཅད་བསྡུས་པ་ཡི། ། འཕགས་པ་འཇམ་དཔལ་གཞོན་ནུར་བཏུད། ། ཅེས་བྱ་བ་ནི་སློབ་དཔོན་གྱིས་ཡི་དམ་གྱི་ལྷ་ལ་མཆོད་པ་བྱས་པའོ། ། དེ་ཡང་ཤེས་རབ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། དེ་ཡང་། ཤེས་རབ་སྤྲོས་དང་བྲལ་བའོ། ། ཞེས་པ་དང་། སྟོང་པ་ཉིད་ནི་ཤེས་རབ་བརྗོད། ། ཅེས་འབྱུང་བའི་ཕྱིར་རོ། ། ཡེ་ཤེས་ནི་རྣམ་པ་ལྔའོ། ། ཤེས་རབ་ཡེ་ཤེས་འོད་གསལ་བ་ཡོད་པས་ན་དེ་སྐད་ཅེས་བྱའོ། ། ཡན་ལག་ནི་མཚན་དང་དཔེ་བྱད་དེ་བསྡུས་པ་ནི་ཚང་བའོ། ། ཐམས་ཅད་ནི་མ་ལུས་པའོ། ། ཡང་ན་ཡན་ལག་ནི།
In the language of India: Mahābalikarmakramavṛtti. In the language of Tibet: Gtor ma chen po’i las kyi rim pa’i ’grel pa (Commentary on the Stages of the Ritual of the Great Torma Offering). Homage to the noble Mañjuśrī Kumārabhūta. I prostrate and praise the Lord, the master of the tantras, the Vajrasattva who is the self of all phenomena, white as the autumn moon, the great essence of all Buddhas. Having prostrated with vajra devotion to Mañjughoṣa and all others, I shall explain these stages of the great torma offering for the benefit of those with inferior intellects. Since listeners who possess discernment do not engage in a work that lacks a purpose and so forth, I shall first state the purpose and other such factors. In this context, the purpose is to understand the stages of the ritual of the great torma offering. The ultimate purpose is the perfect accomplishment of the welfare of oneself and others. Furthermore, the connection is that this realization is attained through the master’s treatise. The subject matter is the stages of the ritual itself. "Bowing to the noble Mañjuśrī Kumārabhūta, who possesses the light of insight and primordial wisdom and who embodies all the limbs," is the master’s offering to his yidam deity. Here, "insight" (prajñā) is the Mother Prajñāpāramitā, whose nature is the primordial wisdom of emptiness. As it is said: "Insight is free from conceptual elaboration," and "Emptiness is described as insight." "Primordial wisdom" (jñāna) refers to the five aspects of wisdom. Because he possesses the luminosity of insight and primordial wisdom, he is so called. "Limbs" refers to the major and minor marks; "embodies" means they are complete. "All" means without exception. Alternatively, "limbs" refers to...