༄༅༅། ། རྒྱ་གར་སྐད་དུ། ནཱ་ནཱ་ཏནྟྲ་ཨུདྡྷྲྀ་ཏོ་བ་ལིཾ་བི་དྷིཿ། བོད་སྐད་དུ། རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཆོ་ག། ཨོཾ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། ཡེ་ཤེས་ལྔ་ཡི་རང་བཞིན་ཅན། ། སྐུ་མཆོག་རང་གི་སྣང་བས་འཁྱུད། ། སྐྱོབ་པ་མ་ལུས་སྤྲོ་མཛད་པ། ། རྡོ་རྗེ་སེམས་དཔའ་ཕྱག་འཚལ་ནས། ། དེ་བཞིན་གཤེགས་རྣམས་རབ་སྟེར་བ། ། ལྷ་མོ་ཆོས་དབྱིངས་དབང་ཕྱུག་མ། ། མ་ལུས་རྒྱལ་བ་རྣམས་ཀྱི་ཡུམ། ། འགྲོ་བ་སྐྱོབ་ལ་རབ་བཏུད་ནས། ། གང་གི་སྐུ་དྲིན་ཆེན་པོ་ཡིས། ། གསུང་ནི་བླ་མེད་ཐོབ་འགྱུར་བ། ། འཇམ་པའི་དབྱངས་ཀྱི་ཞབས་པདྨ། ། ཆུ་སྐྱེས་གཉིས་ལ་ཕྱག་འཚལ་ལོ། ། གང་གིས་རེག་པས་འཁོར་བ་ཡི། ། གདུང་བ་དག་ནི་ཞི་འགྱུར་བ། ། བླ་མའི་ཞལ་སྔ་ནས་ཀྱི་ཞབས། ། པདྨ་དང་འབྲེལ་རྡུལ་བསྟོད་ནས། ། སེམས་ཅན་རྣམས་ལ་ཕན་པའི་ཕྱིར། ། གཏོར་མའི་སྒྲུབ་ཐབས་བདུད་རྩི་མཚུངས། ། སྣ་ཚོགས་རྒྱུད་ཀྱི་རྒྱ་མཚོ་ལས། ། ཡང་དག་བཏུས་ནས་བདག་གིས་བཤད། ། སྔོན་གྱི་དུས་སུ་བཅོམ་ལྡན་གྱིས། ། ཞལ་གྱི་མན་ངག་གསུངས་པར་གྱུར། ། དེ་ཙམ་ཁོ་ནས་སེམས་ཅན་རྣམས། ། གྲུབ་གྱུར་གླེགས་བམ་དག་ལས་མིན། ། དེ་ནས་གསུམ་ལྡན་དུས་གྱུར་ནས། ། རྩ་བའི་རྒྱུད་རྣམས་སྤེལ་བར་འགྱུར། ། དེ་ལས་དོན་གྱི་འབྲེལ་རྟོགས་ནས། ། བསམས་ཏེ་སྐྱེ་བོས་དངོས་གྲུབ་ཐོབ། ། གཉིས་ལྡན་དུ་ནི་གཙོར་རྒྱལ་བས། ། བཤད་པ་རྒྱ་ཆེན་མཛད་པར་འགྱུར། ། དེ་དོན་རྟོགས་པ་ཉིད་ཀྱིས་ནི། ། མཁས་པས་དངོས་གྲུབ་ཐོབ་པར་འགྱུར། ། རྩོད་པའི་དུས་གྱུར་དེང་སང་ནི། ། གསུང་རབ་ཡན་ལག་བཅུ་གཉིས་པོ། །
In the language of India: Nānātantroddhṛtobalividhiḥ. In the language of Tibet: Rgyud sna tshogs las btus pa’i gtor ma’i cho ga (The Ritual of the Torma Collected from Various Tantras). Oṃ. Homage to Vajrasattva! To the one whose nature is the five primordial wisdoms, Whose supreme body is embraced by its own radiance, Who emanates all protectors without exception— To Vajrasattva, I prostrate. To the Tathāgatas who bestow [attainments], To the goddess Dharmadhātveśvarī, The mother of all the Victors without exception, Who protects all wandering beings, I bow deeply. To the lotus feet of Mañjughoṣa, Through whose great kindness the unsurpassed speech is attained, To those two lotuses, I prostrate. Having praised the dust of the feet of the Guru’s presence, Which, when touched, pacifies the torments of saṃsāra, For the benefit of sentient beings, I shall explain The torma sādhana, which is like nectar, Having perfectly extracted it from the ocean Of the various tantras. In former times, the Blessed One Spoke the oral instructions from his own mouth. By that alone, sentient beings attained accomplishment, Not from written volumes. Then, when the Age of Three [Dharmas] arose, The root tantras were propagated. By understanding the connection of their meaning And reflecting upon them, people attained siddhis. In the Age of Two, the Victorious One Extensively performed the explanation. By understanding that very meaning, The wise attained siddhis. Now, in this Age of Conflict, The twelve branches of the scriptures...