༄༅༅། ། རྒྱ་གར་སྐད་དུ། མཎྜལ་བི་དྷིཿ། བོད་སྐད་དུ། མཎྜལ་གྱི་ཆོ་ག། ཐུགས་རྗེ་ཆེན་པོ་རྣམ་པར་སྐྱོབ་ལ་ཕྱག་འཚལ་ལོ། ། དཀྱིལ་འཁོར་བཟང་པོ་ས་ཉིད་དང་། ། རིན་ཆེན་རང་བཞིན་ངོས་མཉམ་ལ། ། དྲི་ཞིམ་པ་ཡི་བྱུག་པས་བྱུག། མུ་ཏིག་མེ་ཏོག་ནོར་བུ་དགོད། ། དབུས་སུ་འདབ་བརྒྱད་འདབ་བཞི་ཡི། ། མེ་ཏོག་དམར་པོ་ས་བོན་ཅན། ། བཞག་ལ་དེ་སྟེང་ཐུབ་པ་བཞུགས། ། གདུགས་དཀར་གྱིས་ནི་སྟེང་ནས་དབུབ། ། སྒྲུབ་པོ་པདྨའི་ཕྲེང་བ་ཡི། ། ང་རྒྱལ་འཛིན་པས་རྡོ་རྗེའི་ལག། གཉིས་གཤིབས་གྱེན་དུ་བསྐྱོད་པའི་རྒྱས། ། ས་གསུམ་གཙོ་བོ་སྤར་བར་བྱ། ། རབ་ཏུ་དབྱིབས་ལེགས་ཁ་དོག་མཛེས། ། དྲི་བསུང་རོ་མཆོག་རེག་བཟང་བའི། ། མེ་ཏོག་སྤུངས་པས་གོ་རིམ་བཞིན། ། གླིང་སོགས་བཀོད་པ་ཇི་བཞིན་བརྟག། ཨོཾ་ཨཱཿབཛྲ་ཙ་ཏུར་དྭཱི་པ་ཧཱུཾ། ཨོཾ་ཨཱཿབཛྲ་པ་ཡཱཥྚ་དྭཱི་པ་ཧཱུཾ། ཨོཾ་ཨཱཿབཛྲཱཥྚ་རཏྣ་ཧཱུཾ། ཨོཾ་ཨཱཿབཛྲཱཥྚ་མངྒ་ལ་ཧཱུཾ། ཨོཾ་ཨཱཿབཛྲ་སིདྡྷི་བིཾ་ཤ་ཏི་ཧཱུཾ། ཨོཾ་ཨཱཿབཛྲ་སཱུརྱ་ཙནྡྲ་ཧཱུཾ། རྣམ་དག་ཞིང་དུ་ཕུན་ཚོགས་གླིང་དང་རིན་ཆེན་དང་། ། བཀྲ་ཤིས་གྲུབ་པ་རིམ་གསུམ་ཕྲེང་བ་ལེགས་བཀོད་ལ། ། གསལ་བྱེད་སྒྲོན་མ་འབར་བ་གཉིས་ཀྱིས་བརྒྱན་གྱུར་པ། ། སྔགས་འཆང་རྡོ་རྗེ་རོལ་པའི་གར་གྱི་བསྟབས་པས་དབུལ། ། དེ་ནས་ལུས་ཅན་ཐམས་ཅད་ལ། ། འཇིག་རྟེན་མགོན་པོ་ཉེར་མཁོའི་གཟུགས། ། དཔག་མེད་རྣམ་པར་འཕྲུལ་པ་ཡིས། ། ཞིང་རྣམས་ཀུན་དུ་དོན་ཡོད་སྤྱོད། ། ཇི་སྲིད་སྙིང་པོ་བྱང་ཆུབ་བར། ། དེ་དག་ནམ་ཡང་འདྲེན་པའི་མཐུས། ། ངན་འགྲོའི་སྒྲ་ཡང་མི་གྲག་ཅིང་། ། རྟག་ཏུ་དགའ་སྐྱིད་འཚོ་བར་བྱེད།
In the language of India: Maṇḍalavidhiḥ. In the language of Tibet: Maṇḍala-gyi cho-ga (The Ritual of the Maṇḍala). Homage to the Great Compassionate One, the Savior. On a level ground that is a noble maṇḍala, of the nature of jewels, smear it with fragrant ointments and arrange pearls, flowers, and gems. In the center, place red flowers with eight and four petals, marked with seed-syllables, and upon them, the Sage (the Buddha) should be seated. Above, a white parasol should be spread. The practitioner, maintaining the pride of the Lotus Garland, with the mudrā of the two vajra-hands joined and raised upward, should summon the Lord of the Three Worlds. With heaps of flowers that are perfectly shaped, beautiful in color, fragrant, of supreme taste, and pleasant to the touch, one should arrange the continents and so forth in their proper order. OṂ ĀḤ VAJRA CATURDVĪPA HŪṂ. OṂ ĀḤ VAJRA PĀŚCĀṢṬADVĪPA HŪṂ. OṂ ĀḤ VAJRĀṢṬARATNA HŪṂ. OṂ ĀḤ VAJRĀṢṬAMANGALA HŪṂ. OṂ ĀḤ VAJRA SIDDHIVIMŚATI HŪṂ. OṂ ĀḤ VAJRA SŪRYACANDRA HŪṂ. To the pure realm, the perfect continents and jewels, the auspiciously accomplished three-tiered garlands well-arranged, adorned with the two blazing lamps of illumination—these are offered by the mantra-holder through the dance of the vajra-play. Then, for all embodied beings, the Protector of the World, through immeasurable emanations in forms that are necessary, acts for the benefit of all realms. Until the essence of enlightenment is reached, by the power of those guides, even the sound of the lower realms shall not be heard, and they shall always live in joy and happiness.