༄། ། ལས་དང་པོ་པའི་ཚོགས་སོག་བཞུགས། ། ༄༅༅། ། ཡེ་ཤེས་ཉི་མས་ཉོན་མོངས་མཚོ་སྐེམས་ཤིང་། ། འཇམ་པའི་གསུང་གིས་སྲིད་པ་གསུམ་སྒྲོལ་བ། ། ཡིད་བཞིན་ནོར་ལྟར་སེམས་ཅན་རེ་སྐོང་བའི། ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། ཚོགས་སོག་རྣལ་འབྱོར་རྣམས་ལ་ཕན་གདགས་ཕྱིར། ། བྱ་བའི་ཆོ་གའི་རིམ་པ་བདག་གིས་དབྱེ། ། རྣལ་འབྱོར་རྣམ་པ་གཉིས་སུ་བསྟན། ། དངོས་གྲུབ་སྒྲུབ་དང་ཚོགས་སོག་པའོ། ། དངོས་གྲུབ་བསྒྲུབ་པར་བྱ་བའི་ཐབས། ། རྒྱུད་དང་བླ་མ་སོ་སོ་ཡི། ། གདམས་ངག་དག་ལས་གསལ་བར་བཤད། ། ཚོགས་སོག་རིམ་པ་གཉིས་ཡིན་ཏེ། ། རིགས་པ་དང་ནི་ལུང་ཡིན་ནོ། ། རིགས་པས་ཕྱེ་ན་གཉིས་ཡིན་ཏེ། ། སློབ་དཔོན་བྱེད་དང་སློབ་མར་གནས། ། སློབ་དཔོན་ལ་ཡང་རྣམ་གསུམ་སྟེ། ། རབ་དང་འབྲིང་དང་ཐ་མའོ། ། སློབ་མ་ལ་ཡང་དེ་བཞིན་ནོ། ། གང་ཟག་དྲུག་གི་བྱ་བ་ནི། ། བྱེ་བྲག་ཐུན་མོང་གཉིས་སུ་བསྟན། ། སློབ་དཔོན་རབ་ཀྱི་བྱ་བ་ནི། ། ཐུན་དྲུག་ཏུ་ནི་སྒྲུབ་པ་དང་། ། དབང་བསྐུར་ཆོས་བཤད་དཀྱིལ་འཁོར་དང་། ། སྦྱིན་སྲེག་རབ་གནས་གཏོར་མ་བྱ། ། སློབ་དཔོན་འབྲིང་གི་བྱ་བ་ནི། ། ཐུན་བཞི་རུ་ནི་སྒོམ་པ་དང་། ། ཆོས་བཤད་སྦྱིན་སྲེག་གཏོར་རབ་གནས། ། སློབ་དཔོན་ཐ་མའི་བྱ་བ་ནི། ། ཐུན་གསུམ་དུ་ནི་སྒོམ་པ་དང་། ། སྦྱིན་སྲེག་རབ་གནས་གཏོར་མ་བྱ། ། སློབ་མ་རབ་ཀྱི་བྱ་བ་ནི། ། ཐུན་དྲུག་སྒོམ་དང་མཆོད་གཏོར་གསུམ། ། སློབ་མ་འབྲིང་གི་བྱ་བ་ནི། ། ཐུན་བཞིར་སྒོམ་དང་མཆོད་གཏོར་གཉིས། ། སློབ་མ་ཐ་མའི་བྱ་བ་ནི། ། ཐུན་གསུམ་སྒོམ་དང་མཆོད་གཏོར་གཅིག། དེ་ནི་བྱེ་བྲག་ཆོ་གའོ། །
The Collection of Merit for Beginners The sun of primordial wisdom dries up the ocean of afflictions; With gentle speech, he liberates the three realms of existence. Like a wish-fulfilling jewel, he fulfills the hopes of sentient beings. Homage to the Protector Mañjughoṣa! To benefit yogis who gather the accumulations, I shall now set forth the stages of the ritual procedure. Yoga is taught to be of two types: The accomplishment of siddhis and the gathering of accumulations. The methods for accomplishing siddhis Are clearly explained in the tantras and the individual Oral instructions of the gurus. The stages for gathering the accumulations are twofold: Reasoning and scripture. When analyzed through reasoning, there are two: The master and the disciple. The master is also of three types: Superior, middling, and inferior. The disciple is likewise. The activities of these six types of persons Are taught as two: specific and general. The activities of the superior master Are to practice in six sessions, And to perform empowerments, Dharma teachings, maṇḍalas, Fire offerings, consecrations, and torma offerings. The activities of the middling master Are to meditate in four sessions, And to perform Dharma teachings, fire offerings, torma offerings, and consecrations. The activities of the inferior master Are to meditate in three sessions, And to perform fire offerings, consecrations, and torma offerings. The activities of the superior disciple Are to meditate in six sessions and perform the three: offerings, torma, and [recitation]. The activities of the middling disciple Are to meditate in four sessions and perform the two: offerings and torma. The activities of the inferior disciple Are to meditate in three sessions and perform the one: offerings and torma. These are the specific rituals.