༄། ། བླ་མའི་མཎྜལ་བཞུགས། ། ༄༅༅། ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། ། རྡོར་སེམས་བདག་ཉིད་བླ་མ་མགོན། ། གུས་པས་ཕྱག་བྱས་དེ་ནས་ནི། ། མན་ངག་ཇི་བཞིན་མདོར་བསྡུས་པས། ། དེ་ཡི་མཎྜལ་ཆོ་ག་བཤད། ། བྱིས་པ་བློ་ཞན་ཡིད་གཞུངས་རྣམས། ། བསོད་ནམས་ཡེ་ཤེས་རྣམ་འཕེལ་ཕྱིར། ། འགྲོ་ལ་ཕན་ཡོན་དང་བཅས་པའི། ། མཎྜལ་དོན་ནི་རྣམ་དབྱེ་བྱ། ། དང་པོར། ཨོཾ་ཨཱཿཧཱུཾ་བཛྲ་བྷཱུ་མི་ཧཱུཾ། ཞེས་པས་ས་བྱིན་གྱིས་བརླབས་ཏེ། ཨོཾ་བཛྲོད་ཀེ་ཧཱུཾ། བ་བྱུང་དང་བཅས་པའི་ཆུ་བྱིན་གྱིས་བརླབས་སོ། ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ། ཞེས་པས་མེ་ཏོག་བྱིན་གྱིས་བརླབས་ལ། ཨོཾ་ཨཱཿབཛྲ་རེ་ཁེ་ཧཱུཾ། ཞེས་པས་མཎྜལ་བྱིན་གྱིས་བརླབས་ནས། ཨོཾ་ཧཾ་སུ་མ་ཧཱ་མེ་ར་ཝེ་ན་མཿ། ཞེས་པས་མཎྜལ་གྱི་དབུས་སུ་མེ་ཏོག་གཞག་གོ། ། ཨོཾ་ཡཾ་པཱུརྦ་བི་དེ་ཧཱ་ཡ་ན་མཿ། ཞེས་པས་ཤར་དུའོ། ། ཨོཾ་རཾ་ཛམྦུ་དྭཱི་པཱ་ཡ་ན་མཿ། ཞེས་པས་ལྷོ་རུའོ། ། ཨོཾ་ལཾ་ཨ་པ་ར་གོ་ད་ནཱི་ཡེ་ན་མཿ། ཞེས་པས་ནུབ་ཏུའོ། ། ཨོཾ་ཝཾ་ཨུཏྟར་ཀུ་ར་ཝེ་ན་མཿ། ཞེས་པས་བྱང་དུའོ། ། དེ་ནས་རང་རང་གི་གཡས་གཡོན་གྱི་གློ་དག་ཏུ། ཨོཾ་ཡཿཨུ་པ་དྭཱི་པཱ་ཡ་ན་མཿ། ཨོཾ་རཿཨུ་པ་དྭཱི་པཱ་ཡ་ན་མཿ། ཨོཾ་ཝ་ཨུ་པ་དྭཱི་པཱ་ཡ་ན་མཿ། ཨོཾ་ལ་ཨུ་པ་དྭཱི་པཱ་ཡ་ན་མཿ། ཞེས་པས་མེ་ཏོག་དགོད་དོ། ། དེའི་རྗེས་སུ་ཨོཾ་ཡ་ག་ཛ་རཏྣཱ་ཡ་ན་མཿ། ཨོཾ་ར་པུ་རུ་ཥ་རཏྣཱ་ཡ་ན་མཿ། ཨོཾ་ཝ་པཱ་ཛི་རཏྣཱ་ཡ་ན་མཿ། ཨོཾ་ལ་སྟྲཱི་རཏྣཱ་ཡ་ན་མཿ། ཤར་ལ་སོགས་པའི་ཕྱོགས་སུ་མེ་ཏོག་གཞག་པར་བྱའོ། ། དེ་ནས་ཡཱཿཁཌྒ་རཏྣཱ་ཡ་ན་མཿ། ཨོཾ་རཱཿཙཀྲ་རཏྣཱ་ཡ་ན་མཿ།
The Guru Maṇḍala Homage to Mañjuvajra! Having prostrated with devotion to the Guru, the Protector who is the very nature of Vajrasattva, I shall now explain the ritual of the maṇḍala in a concise manner, according to the pith instructions. In order to increase the merit and wisdom of those with dull or sharp intellects, I shall analyze the meaning of the maṇḍala along with its benefits for all beings. First, bless the ground with: Oṃ āḥ hūṃ vajrabhūmi hūṃ. Then, bless the water together with the cleansing substances with: Oṃ vajrodake hūṃ. Bless the flowers with: Oṃ āḥ vajrapuṣpe hūṃ. Bless the maṇḍala surface with: Oṃ āḥ vajrarekhe hūṃ. Then, place a flower in the center of the maṇḍala with: Oṃ haṃ sumahāmerave namaḥ. Place flowers in the east with: Oṃ yaṃ pūrvavidehāya namaḥ. In the south with: Oṃ raṃ jambudvīpāya namaḥ. In the west with: Oṃ laṃ aparagodānīye namaḥ. In the north with: Oṃ vaṃ uttarakurave namaḥ. Then, on the right and left sides of each respective direction, place flowers with: Oṃ yaḥ upadvīpāya namaḥ, Oṃ raḥ upadvīpāya namaḥ, Oṃ vaḥ upadvīpāya namaḥ, and Oṃ laḥ upadvīpāya namaḥ. Following that, place flowers in the directions starting from the east with: Oṃ ya gajaratanāya namaḥ, Oṃ ra puruṣaratanāya namaḥ, Oṃ va pādiratanāya namaḥ, and Oṃ la strīratnāya namaḥ. Then, place flowers with: Oṃ yāḥ khaḍgaratanāya namaḥ and Oṃ rāḥ cakraratanāya namaḥ.