༄༅༅། ། རྒྱ་གར་སྐད་དུ། ཤྲཱི་བ་སུ་དྷཱ་རཱ་དེ་བྱཱ་མཎྜལ་སྱ་བི་དྷིཿ། བོད་སྐད་དུ། དཔལ་ལྷ་མོ་ནོར་རྒྱུན་མའི་དཀྱིལ་འཁོར་གྱི་ཆོ་ག། ཨོཾ་བཅོམ་ལྡན་འདས་མ་དཔལ་ལྡན་འཕགས་མ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། ། དང་པོར་རེ་ཞིག་ཁ་ལ་སོགས་པ་དག་པར་བྱས་ནས་བཅོམ་ལྡན་འདས་མ་འཕགས་མ་ནོར་རྒྱུན་མའི་བརྟུལ་ཞུགས་བླངས་ཏེ། མགོ་བཀྲུས་ཤིང་གོས་གཙང་མ་བགོས་ནས་མེ་ཏོག་དང་བདུག་པ་དང་མར་མེ་དང་དྲི་དང་ཞལ་ཟས་ལ་སོགས་པ་བཤམས་ཏེ། རེ་ཞིག་དང་པོར་མེ་ཏོག་སྦྱར་བར་བྱའོ། ། ཨོཾ་ན་མོ་བྷ་ག་ཝ་ཏེ་པུཥྤ་ཀེ་ཏུ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡཱརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ། མ་ཧཱ་པུཥྤེ་སུ་པུཥྤེ། པུཥྤོདྦྷ་བེ། པུཥྤ་སཾ་བྷ་ཝེ། པུཥྤྰ་བ་ཀཱིརྞེ་སྭཱ་ཧཱ། ཞེས་པ་ལན་གསུམ་གྱི་མེ་ཏོག་སྦྱང་ངོ་། ། ཨོཾ་བཛྲཱ་ས་ནེ་ཧཱུྃ། སྟན་བྱིན་གྱིས་བརླབ་པའི་སྔགས་སོ། ། ཨོཾ་བཛྲ་བཱ་ས་སེ་ཧཱུྃ། གོས་བྱིན་གྱིས་བརླབ་པའི་སྔགས་སོ། ། ཨོཾ་ཨཱཿཧཱུྃ། ཞེས་པ་ལུས་དང་ངག་དང་སེམས་བྱིན་གྱིས་བརླབ་པའི་སྔགས་སོ། ། དེ་ནས་ཨོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་སཱ་རེ་སརྦ་བིགྷྣཱན་ཨུཏྶཱ་ར་ཡ་ཨུཏྶཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་མེ་ཏོག་སྤྱི་བོར་བཞག་སྟེ་བསྲུང་ངོ་། ། དེ་ནས་ཨོཾ་བཛྲ་བྷཱུ་མི་ཧཱུྃ། ས་ཡོངས་སུ་བཟུང་བ་སྟེ་འདིས་སའི་སྟེང་དུ་མེ་ཏོག་མ་ཉམས་པ་བཞག་གོ། ། དེ་ནས་ཨོཾ་བིགྷྣཱནྟ་ཀ་སརྦ་བིགྷྣཱན་ཨུཏྶཱ་ར་ཡ་ཨོཾ་བིགྷྣཱནྟ་ཀ་སརྦ་བིགྷྣཱན་ཨུཏྶཱ་ར་ཡ་ཧཱུྃ་སྭཱ་ཧཱ། ཞེས་པས་བགེགས་བསྐྲད་དོ། ། ཨོཾ་བཛྲ་རེ་ཁེ་སུ་རེ་ཁེ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛནྟུ་སྭཱ་ཧཱ།
In the language of India: Śrīvasudhārādevīmaṇḍalavidhiḥ. In the language of Tibet: dPal lha mo nor rgyun ma'i dkyil 'khor gyi cho ga (The Ritual of the Maṇḍala of the Glorious Goddess Vasudhārā). Oṃ! Homage to the Bhagavatī, the glorious and noble Vasudhārā. First, having purified the mouth and so forth, one should take up the ascetic observance of the Bhagavatī, the noble Vasudhārā. Having washed the head and put on clean clothes, one should arrange flowers, incense, lamps, perfumes, food offerings, and so forth. For the time being, one should first purify the flowers. Oṃ namo bhagavate puṣpaketurājāya tathāgatāyārhate samyaksaṃbuddhāya | tadyathā | oṃ puṣpe puṣpe mahāpuṣpe supuṣpe puṣpodbhave puṣpasambhave puṣpāvakīrṇe svāhā. Reciting this three times, one purifies the flowers. Oṃ vajrāsane hūṃ. This is the mantra for blessing the seat. Oṃ vajravāsase hūṃ. This is the mantra for blessing the clothing. Oṃ āḥ hūṃ. This is the mantra for blessing the body, speech, and mind. Then, with "Oṃ maṇidhari vajriṇi mahāpratisare sarvavighnān utsāraya utsāraya hūṃ phaṭ svāhā," one places a flower on the crown of the head and performs protection. Then, "Oṃ vajrabhūmi hūṃ." This is for seizing the site; with this, one places unblemished flowers upon the ground. Then, "Oṃ vighnāntaka sarvavighnān utsāraya oṃ vighnāntaka sarvavighnān utsāraya hūṃ svāhā." With this, one expels obstructing spirits. Oṃ vajrarekhe surekhe sarvatathāgatādhiṣṭhantū svāhā.