༄༅༅། ། རྒྱ་གར་སྐད་དུ། ཨུ་ཙུཥྨ་ཛམྦྷ་ལ་ཨུ་པ་དེ་ཤ་སྟོ་ཏྲ། བོད་སྐད་དུ། རྨུགས་འཛིན་འཆོལ་བའི་མན་ངག་གི་བསྟོད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། མགོན་པོ་ནམ་མཁའི་མདོག་ཅན་ནོར་གྱི་ཆར་འབེབས་པ། ། མ་སྐྱེས་རང་བཞིན་དག་པས་སྐུ་མདོག་ནག་པོར་བཞུགས། ། ཁྱོད་ནི་རྡོ་རྗེ་སེམས་དཔའ་ཉིད་དེ་བདག་དྲན་ན། ། ཁྱོད་ལ་འདུད་ཀྱིས་ཐུགས་རྗེས་ཅི་ཡི་ཕྱིར་མི་གཟིགས། ། ལོ་དྲུག་བྱིས་པའི་གཟུགས་ལ་གཞོན་པའི་ཤ་རྒྱས་པ། ། འཛུམ་ལ་ཁྲོ་ལ་བྱམས་པའི་མཆེ་བ་དཀར་པོ་གཙིགས། ། ཁྲོ་གཉེར་དཔྲལ་བར་བསྙེར་ཞིང་རལ་པ་དམར་སེར་ལངས། ། དབུལ་བ་སེལ་མཛད་སྤྱན་ཡངས་སྙིང་རྗེ་ཅན་ལ་འདུད། ། མི་བསྐྱོད་དབུ་ལ་བཞུགས་པས་ཐུགས་ཀྱི་རིག་འཛིན་ཅིང་། ། བྱམས་པས་ཀུན་ལ་ཁྲོས་ཏེ་གཅེར་བུ་སྦྲུལ་གྱིས་བརྒྱན། ། ཨོཾ་ཨ་ལས་སྐྱེས་ནོར་སྦྱིན་གདན་ལ་བཞུགས་ཤིང་འགྱིང་། ། རེ་བ་སྐོང་མཛད་དཔག་བསམ་ཤིང་འདྲ་ཁྱོད་ལ་འདུད། ། ཕྱག་གཡས་སྙིང་རྗེས་དོན་མཛད་ཐོད་པ་ཁྲག་གིས་བཀང་། ། ཕྱག་གཡོན་ནོར་སྦྱིན་མ་བཟུང་ནེའུ་ལེས་རིན་ཆེན་འབེབས། ། གཡས་གཡོན་ཞབས་ཀྱིས་རྣམ་ཐོས་སྲས་ཀྱི་རྐང་པ་བརྫིས། ། ནོར་བདག་གན་རྐྱལ་གནོན་ཅིང་བརྐྱང་བསྐུམ་བཞུགས་ལ་འདུད། ། རྣ་བ་མ་ཕུག་རིགས་ངན་ཆ་ལུགས་ལྷག་མ་ཟ། ། ལག་ནས་ཁ་རུ་འོ་མའི་བདུད་རྩི་རྩ་ལམ་རྡོ་རྗེ་ནས་བྱུང་སྟེ། ། གུར་གུམ་མདོག་འདྲ་ཞལ་དུ་ཕུལ་བས་མཉེས་མཛོད་ལ། ། ཉིད་ཀྱིས་བདག་གི་བསམ་མཁྱེན་རེ་བ་མྱུར་དུ་སྐོངས། ། ཡི་གེ་བཅུ་པས་བྱིན་བརླབས་མེ་ཏོག་དང་བཅས་པས། ། ཨོཾ་ལས་འོད་འཕྲོས་གདུབ་བུ་རིན་ཆེན་སྤྲས་པས་བརྒྱན། །
In the language of India: Ucchuṣmajambhalopadeśastotra. In the language of Tibet: Rmugs 'dzin 'chol ba'i man ngag gi bstod pa (Praise to the Pith Instructions of the Wild Jambhala). Homage to the glorious Vajrasattva! Protector with the color of the sky, you who bring down a rain of wealth, you abide in a black body because your unborn nature is pure. Since you are Vajrasattva himself, when I remember you, I bow to you: why do you not look upon me with compassion? With the form of a six-year-old child, your youthful flesh is full; smiling yet wrathful, you bare your white fangs of love. With a frown knitted upon your brow, your orange-red locks stand on end. I bow to the compassionate one with wide eyes who dispels poverty. Akṣobhya resides upon your head, holding the vidyā of the enlightened mind; out of love for all, you are wrathful, naked, and adorned with snakes. Born from the syllables Oṃ and A, you sit majestically upon a seat of Jambhala. I bow to you, who fulfill all hopes like a wish-fulfilling tree. With your right hand, acting for the benefit of others through compassion, you hold a skull-cup filled with blood. With your left hand, you grasp the goddess Vasudhārā, while a mongoose showers down jewels. With your right and left feet, you trample the feet of Vaiśravaṇa. I bow to you who stand in the posture of extension and contraction, suppressing the Lord of Wealth as he lies on his back. Your ears are unpierced; you have the appearance of a low-caste person and eat the leftovers. From the hand, the nectar of milk enters the mouth, emerging from the channel of the vajra. Like the color of saffron, you are pleased by this offering; knowing my thoughts yourself, quickly fulfill my hopes! Blessed by the ten syllables and accompanied by flowers, light radiates from the Oṃ, adorned with bracelets set with precious gems.