༄༅༅། ། རྒྱ་གར་སྐད་དུ། ཤུཀླཱ་པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་སྒྲུབ་ཐབས། འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། ། ཤེས་རབ་ཕ་རོལ་ཕྱིན་མ་ཡི། ། ལྷ་མོ་སྒྲོལ་མའི་གཟི་བརྗིད་ཅན། ། ཟླ་བ་གང་ཞིག་ཤར་བ་ཡིས། ། རྒོལ་བའི་ཞལ་པད་གཉིད་ལོག་གོ། ། བརྩེ་བ་དང་ལྡན་པའི་རྣལ་འབྱོར་པས་སྟན་བདེ་བ་ལ་འདུག་ནས་རང་གི་སྙིང་གར་པཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་པདྨ། དེ་ལ་ཡང་ཨཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དེ་ལ་ཨོཾ་དཀར་པོའོ། ། དེ་ལས་བྱུང་བའི་འོད་ཟེར་གྱིས་ནམ་མཁའ་ལ་བླ་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བལྟས་ནས། ས་བོན་དེ་ལས་གྱུར་པའི་མཆོད་པའི་ཉེར་སྤྱོད་རྣམས་ཀྱིས་མཆོད་པས་མཆོད་ནས། དེ་བཞིན་དུ་ཕྱག་འཚལ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་མི་བྱེད་པའི་སྡོམ་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བདག་ཉིད་དབུལ་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། རྒྱལ་བའི་ལམ་ལ་བརྟེན་པ་དང་། གཞན་ལ་བདེ་བ་ཕུན་སུམ་ཚོགས་པར་འདོད་པའི་བྱམས་པ་དང་། གཞན་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེའི་བདག་ཉིད་དང་། སེམས་ཅན་རྣམས་ལ་དགའ་བའི་རྣམ་པ་སྦྱིན་པར་འདོད་པ་དང་། བཤེས་དང་བྲན་མོ་དང་དགྲ་རྣམས་ལ་མཐུན་པ་དང་། ཁྲོ་བ་རྣམ་པར་སྤང་ཞིང་མཚུངས་པར་བྱེད་པ་ནི་བཏང་སྙོམས་ཞེས་པ་རྣམས་བསམ་པར་བྱའོ། ། དེ་ནས་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སྔགས།
In the language of India: Śuklaprajñāpāramitāsādhanam. In the language of Tibet: Sherab kyi pha rol tu phyin ma dkar mo’i sgrub thabs (The Sādhana of the White Prajñāpāramitā). Homage to the Noble Lady Prajñāpāramitā! The goddess Tārā, possessing the majesty of the Perfection of Wisdom, causes the lotus-faces of opponents to fall asleep as soon as the full moon of her presence rises. The compassionate yogi, having sat upon a comfortable seat, should visualize a white syllable paṃ at his heart, which completely transforms into a lotus. Upon that is a moon maṇḍala arising from the syllable aṃ, and upon that is a white syllable oṃ. Light rays emanating from it cause him to behold the Guru, Prajñāpāramitā, the Buddhas, and the Bodhisattvas in the sky. Having made offerings with the various articles of worship arising from that seed syllable, he should likewise perform the homage, the taking of refuge in the Three Jewels, the confession of misdeeds and the vow not to commit them again, the rejoicing in merit, the offering of oneself, the dedication of merit, the generation of the mind of enlightenment, and the reliance upon the path of the Victors. He should then contemplate love, which desires the perfect happiness of others; compassion, which desires the removal of suffering from others; joy, which desires to bestow the aspect of happiness upon sentient beings; and equanimity, which abandons anger and treats friends, servants, and enemies with impartiality. Then, the mantra of the awakening of emptiness: