༄༅༅། ། རྒྱ་གར་སྐད་དུ། པཱི་ཏ་བརྞ་སཾ་ཀྵིཔྟ་པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོའི་སྒྲུབ་ཐབས་མདོར་བསྡུས་པ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། ། སྔོན་དུ་གསུངས་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ་པདྨ་དམར་པོ་དང་ཟླ་བ་ལ་གནས་པའི་དྷཱིཿསེར་པོ་ཡོངས་སུ་གྱུར་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོ་མི་བསྐྱོད་པ་བཞུགས་པའི་རལ་པའི་ཅོད་པན་ཅན། ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ནས། གཡོན་ལོགས་སུ་པུསྟི་དང་བཅས་པའི་ཨུཏྤ་ལ་སྔོན་པོ་བསྣམས་པ། ན་བཟའ་དཀར་པོའི་སྟོད་གཡོགས་ཅན། མཛེས་ཤིང་གོས་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། ། ཞེས་དེ་བཞིན་དུ་བསམས་ནས། ཨོཾ་དྷཱིཿཤྲུ་ཏ་སྨྲྀ་ཏི་བི་ཛཱ་ཡ་སྭཱ་ཧཱ། ཞེས་པའི་སྔགས་བཟླས་པར་བྱའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོའི་སྒྲུབ་ཐབས་མདོར་བསྡུས་པ་རྫོགས་སོ། །
In the language of India: Pītavarnasaṃkṣiptaprajñāpāramitāsādhanam. In the language of Tibet: Sherab kyi pharol tu phyin ma sku mdog ser mo’i sgrub thabs mdor bsdus pa (A Concise Sādhana of the Yellow-Colored Prajñāpāramitā). Homage to the Bhagavatī Prajñāpāramitā! Following the previously described ritual, after meditating on emptiness, a yellow syllable DHĪḤ rests upon a red lotus and moon. From its total transformation arises Prajñāpāramitā, yellow in color, wearing a crown of matted locks in which Akṣobhya resides. She performs the mudrā of teaching the Dharma and holds a blue utpala flower with a volume of scripture upon it in her left hand. She wears a white upper garment and is beautiful, adorned with all the finest robes and ornaments. Having visualized her in this way, one should recite the mantra: OṂ DHĪḤ ŚRUTA SMṚTI VIJAYE SVĀHĀ. This concludes the concise sādhana of the Yellow-Colored Prajñāpāramitā.