༄༅༅། ། རྒྱ་གར་སྐད་དུ། པཱི་ཏ་བརྞ་པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོའི་སྒྲུབ་ཐབས། འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། ། སྔོན་དུ་གསུངས་པའི་ཆོ་གས་ཨ་ཡིག་ལས་སྐྱེས་པའི་ཟླ་བ་ལ་དྷཱིཿཡིག་སེར་པོ་ལས་སྐྱེས་པའི་སྣ་ཚོགས་པདྨ་ལ་ཧཾ་ཡིག་སེར་པོ་ལ་ཨ་ཡིག་ལ་སོགས་པའི་དབྱངས་བཅུ་དྲུག་གིས་ཡོངས་སུ་བསྐོར་ཞིང་གནས་པའི་ཕྱི་རོལ་དུ་ཀ་ཡིག་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་གཉིས་ཀྱིས་ཡོངས་སུ་བསྐོར་བ་བསྒོམ་པར་བྱའོ། ། དེ་ནས་སྒེག་མོ་དང་། ཕྲེང་བ་མ་དང་། གར་མ་དང་། གླུ་མ་དང་། མེ་ཏོག་མ་དང་། བདུག་སྤོས་མ་དང་། མར་མེ་མ་དང་། དྲི་མ་ཞེས་པའི་རྣལ་འབྱོར་མ་བརྒྱད་དོ། ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་ཟླ་བ་ཤར་བ་འོད་རབ་ཏུ་གསལ་བའོ། ། དེའི་སྟེང་དུ་པདྨ། དེའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཉིས་པ་ལ་དེའི་སྟེང་དུ་པུསྟི་གཉིས་པའོ། ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་ཅན། ཆོས་འཆད་པའི་ཕྱག་རྒྱ་དང་ལྡན་པ། སྣ་ཚོགས་པདྨ་དང་ཟླ་བ་ལ་བཞུགས་པ་ན་བཟའ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་གཡོན་གྱི་ལོགས་དག་ན་ཨུཏྤལ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་བསྣམས་པའོ། ། སྔགས་ནི། ཨོཾ་ཨཱཿདྷཱིཿཧཱུཾ་སྭཱ་ཧཱ། དཔྲལ་བར་ཨོཾ་ཡིག་སེར་པོ། མགྲིན་པར་ཨཱཿཡིག་དཀར་པོ།
In the language of India: Pītavarnaprajñāpāramitāsādhanam. In the language of Tibet: Sherab kyi pharol tu phyin ma sku mdog ser mo’i sgrub thabs (The Sādhana of the Yellow-Colored Prajñāpāramitā). Homage to the Noble Lady Prajñāpāramitā. First, according to the previously explained ritual, one should meditate on a moon disc arising from the syllable A. Upon that is a multicolored lotus arising from a yellow syllable Dhīḥ. Upon that is a yellow syllable Haṃ, surrounded by the sixteen vowels beginning with A, and further surrounded on the outside by the thirty-two consonants beginning with Ka. Then, there are the eight yoginīs: Lāsyā, Mālā, Nṛtyā, Gītā, Puṣpā, Dhūpā, Dīpā, and Gandhā. From the total transformation of all these, a wisdom moon rises, brilliantly radiant. Above that is a lotus; above that is a volume of the Prajñāpāramitā; above that is a second moon maṇḍala; and above that is a second volume. From the total transformation of all these, there appears the Bhagavatī Prajñāpāramitā, yellow in color, with one face and two hands. She is adorned with the crown of the five Tathāgatas, possesses the mudrā of teaching the Dharma, and sits upon a multicolored lotus and moon. Adorned with all garments and ornaments, she holds in her right and left sides volumes of the Prajñāpāramitā resting upon utpala flowers. The mantra is: Oṃ āḥ dhīḥ hūṃ svāhā. At the forehead is a yellow syllable Oṃ; at the throat is a white syllable Āḥ.