༄༅༅། ། རྒྱ་གར་སྐད་དུ། ཤུ་ཀླཱ་པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་སྒྲུབ་ཐབས། འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། ། གང་ཞིག་བསྒོམས་པ་ཙམ་གྱིས་ནི། ། ཤེས་རབ་ཕ་རོལ་ཕྱིན་འབྱུང་ཞིང་། ། ཀུན་གྱི་བྱང་ཆུབ་རྣམ་འཛིན་པ། ། དེ་ནས་ཡང་དག་བཤད་པར་བྱ། ། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། ། སྐུ་མདོག་དཀར་མོ་ཡིད་འོང་མ། ། དབུ་སྐྲ་ཕྱེད་ཕྱེད་འཁྱིལ་པ་ཅན། ། ཆུ་སྐྱེས་དཀར་ལ་ཡང་དག་གནས། ། ཕྱག་གཡས་ན་ནི་པདྨ་དང་། ། གཡོན་ན་ཤེས་རབ་ཕ་རོལ་ཕྱིན། ། མདོག་དཀར་རྣམ་པར་བསྒོམ་པར་བྱ། ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། ལྟེ་བའི་དཀྱིལ་འཁོར་ལ་བསྒོམ་བྱ། ། ཨོཾ་ཡིག་ཡེ་ཤེས་ལས་བྱུང་བ། ། མཆོག་ཏུ་དགའ་བར་བྱེད་པ་མོ། ། དམ་ཚིག་སེམས་དཔའ་རྫོགས་བྱས་ལ། ། ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ། ། རྣལ་འབྱོར་ཟླ་དྲུག་གོམས་པ་ཡིས། ། ཤེས་རབ་ཕ་རོལ་ཕྱིན་མར་འགྱུར། ། མཚན་མོ་བདུན་གྱི་རྣལ་འབྱོར་གྱིས། ། བསྟན་བཅོས་ཀུན་ལ་འཇིགས་པ་མེད། ། བཟླས་པ་འབུམ་དུ་སྦྱོར་བ་ཡིས། ། ཉིན་རེ་ཉིན་རེ་ཚིགས་བཅད་བརྒྱ། ། འབད་པ་མེད་པར་རབ་ཏུ་རྩོམ། ། གཞུང་ཡང་བརྒྱ་ནི་འཛིན་པར་བྱེད། ། འདི་རྣམས་སྔགས་ཀྱི་ཚིག་ཏུ་འགྱུར། ། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷ་ནི་ཛྭ་ལ་ཛྭ་ལ་མེ་དྷ་ཝརྡྷ་ནི་དྷི་རི་དྷི་རི་བུ་དྷི་ཝརྡྷ་ནི་སྭཱ་ཧཱ།
In the language of India: Śuklaprajñāpāramitāsādhana. In the language of Tibet: Sherab kyi pharol tu phyin ma dkar mo’i sgrub thabs (The Sādhana of the White Prajñāpāramitā). Homage to the Noble Lady Prajñāpāramitā! I shall now correctly explain that by the mere meditation upon whom the Perfection of Wisdom arises, and who holds the awakening of all. She has one face and two hands, her body is white and lovely, and her hair is half-bound in curls. She perfectly abides upon a white lotus. In her right hand is a lotus, and in her left is the Prajñāpāramitā [scripture]. One should meditate on her as white in color. She sits in the vajra posture, fully adorned with all ornaments. One should meditate on her at the center of the navel. The syllable OṂ arises from wisdom; she is the one who brings supreme joy. Having perfected the samayasattva, one should meditate on the jñānasattva. Through six months of yogic practice, one becomes Prajñāpāramitā. Through seven nights of yoga, one is fearless regarding all treatises. By engaging in one hundred thousand recitations, one will effortlessly compose a hundred verses every single day. One will also retain a hundred texts. These are the words of the mantra: OṂ PI CU PI CU PRAJÑĀ VARDHANI JVALA JVALA MEDHĀ VARDHANI DHIRI DHIRI BUDHI VARDHANI SVĀHĀ.