༄༅༅། ། རྒྱ་གར་སྐད་དུ། ཤྲཱི་མ་ན་མ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ལྡན་ནག་པོ་ཆེན་པོའི་སྒྲུབ་ཐབས། དཔལ་ལྡན་མགོན་པོ་ཆེན་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་དུ་སྔོན་དུ་གསུངས་པའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ་སྣ་ཚོགས་པདྨ་དང་ཉི་མ་ལ་ཧཱུཾ་ཡིག་ནག་པོ། དེ་ཡོངས་སུ་གྱུར་པ་ལས་དཔལ་ལྡན་རྗེ་བཙུན་ནག་པོ་ཆེན་པོ་ཕྱག་གཉིས་པ། ཞལ་གཅིག་པ། སྐུ་མདོག་ནག་པོ། སྤྱན་གསུམ་པ་འབར་བ་ཆེན་པོ། ཕྱག་གཡས་པ་དང་གཡོན་པ་དག་གིས་གྲི་གུག་དང་ཐོད་པ་བསྣམས་པ། མགོ་བོའི་ཕྲེང་བའི་དོ་ཤལ་གྱིས་སྐུ་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མཆེ་བ་གཙིགས་པས་འཇིགས་པར་བྱེད་པ། སྐུ་ཐམས་ཅད་ལ་སྦྲུལ་གྱིས་བརྒྱན་པ། སྐུ་ཐུང་བ། ཞལ་ནས་ཁྲག་འཛག་པའི་བདག་ཉིད་དུ་སྐད་ཅིག་གིས་བསྐྱེད་ནས་སྔགས་བཟླས་པར་བྱའོ། ། དེ་ལ་སྔགས་ནི་འདིའོ། ། ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ་སྭཱ་ཧཱ། དུག་དང་ཁྲག་དང་། སྒོག་པ་དང་། ཡུངས་ཀར་རྣམས་ཀྱིས་ནག་པོ་ཆེན་པོའི་སྤོས་ཕུལ་ནས་སྲན་མ་ཤ་དང་འཛམ་བུ་ཏི་ཀ་དང་ཆང་དང་མེ་ཏོག་དང་བྱུག་པ་ལྔའི་ལྕགས་ཀྱུའི་བདུད་རྩིས་ནག་པོ་ཆེན་པོ་མཆོད་པ་བྱ་སྟེ། གཏོར་མའི་སྔགས་འདིས་སོ། ། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཤཱ་ས་ནོ་པ་ཀཱ་རི་ཎཾ་ཨེ་ཥཱ་པཤྩི་མ་ཀ་ལོ་ཨ་ཡཾ་ཨིདཾ་རཏྣ་ཏྲ་ཡཱ་པ་ཀཱ་རི་ཎཾ་ཡ་དི་པྲ་ཏིཛྙཱཾ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྚ་ཁ་ཁ་ཁཱ་ཧི་ཁཱ་ཧི་མ་ར་མ་ར་གྲྀཧྞ་གྲྀཧྞ་བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ།
In the language of India: Śrī-mahākāla-sādhana. In the language of Tibet: dPal ldan nag po chen po’i sgrub thabs (The Sādhana of the Glorious Great Black One). Homage to the glorious Great Protector. Following the sequence previously explained, after meditating on emptiness, upon a multicolored lotus and sun disk is a black syllable HŪṂ. From its complete transformation, one instantaneously generates the glorious venerable Mahākāla, with two arms, one face, and a black body. He has three blazing eyes, and in his right and left hands he holds a curved knife and a skull-cup. His body is adorned with a necklace of severed heads, his orange-red hair is bristling upward, and he is terrifying with bared fangs. His entire body is adorned with snakes, and he is short in stature. Having generated himself as one from whose mouth blood drips, one should recite the mantra. The mantra is as follows: OṂ MAHĀKĀLA HŪṂ PHAṬ SVĀHĀ. Having offered incense of Mahākāla made from poison, blood, garlic, and white mustard seeds, one should worship Mahākāla with the nectar-hook of the five unguents, including peas, jambu-fruit, alcohol, flowers, and ointments. The torma mantra is as follows: OṂ MAHĀKĀLĀYA ŚĀSANOPAKĀRIṆĀṂ EṢĀ PAŚCIMAKĀLO AYAM IDAṂ RATNATRAYĀPAKĀRIṆAṂ YADI PRATIJÑĀṂ SMARASI TADĀ IDAṂ DUṢṬA KHA KHA KHĀHI KHĀHI MĀRA MĀRA GṚHṆA GṚHṆA BANDHA BANDHA HANA HANA DAHA DAHA PACA PACA.