༄༅༅། ། རྒྱ་གར་སྐད་དུ། པརྞ་ཤ་བ་རི་སཱ་དྷ་ནཾ། བོད་སྐད་དུ། རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས། འཕགས་མ་རི་ཁྲོད་མ་ལོ་མ་ཅན་ལ་ཕྱག་འཚལ་ལོ། ། སྔོན་དུ་གསུངས་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའི་པཾ་ཡིག་ལྗང་གུ་ལས་སྐྱེས་པའི་རི་ཁྲོད་མ་ལོ་མ་ཅན་སྐུ་མདོག་ལྗང་གུ་ཞལ་གསུམ་པ། སྤྱན་གསུམ་པ། ཕྱག་དྲུག་པ། ནག་པོ་དང་། དཀར་པོ་དག་གཡས་དང་གཡོན་གྱི་ཞལ་ལོ། ། ཕྱག་གཡས་པ་གསུམ་ན་རྡོ་རྗེ་དང་། དགྲ་སྟ་དང་། མདའ་བསྣམས་པ། ཕྱག་གཡོན་པ་གསུམ་ན་གཞུ་བཀང་བ་དང་། ཡལ་ག་དང་། སྡིགས་མཛུབ་དང་བཅས་པའི་ཞགས་པ་བསྣམས་པ། ཞལ་ཁྲོ་བ་དང་བཅས་ཤིང་བཞད་པ། ལང་ཚོ་གཞོན་པ། ཕྲེང་བ་བཅིངས་ཤིང་སྟག་གི་པགས་པའི་ཤམ་ཐབས་ཅན་ཅུང་ཟད་ལྟོ་བ་འཕྱང་བ། སྐྲ་སྟེང་དུ་བརྫེས་པ། འོག་ཏུ་མ་ལུས་པའི་ནད་དང་། བདུད་ཞབས་ཀྱིས་མནན་པ། དོན་ཡོད་གྲུབ་པས་དབུ་བརྒྱན་པའི་བདག་ཉིད་དུ་སྐད་ཅིག་གིས་བསྐྱེད་ནས་སྔགས་བཟླས་པར་བྱའོ། ། ཨོཾ་པི་ཤཱ་ཙི་པརྞ་ཤ་བ་རི་སརྦ་མཱ་རི་པྲ་ཤ་མ་ཎི་ཧཱུཾ་ཕཊ། རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་རྫོགས་སོ། །
In the language of India: Parṇaśavarīsādhana. In the language of Tibet: Ri khrod lo ma can gyi sgrub thabs (The Sādhana of the Hermitess with Leaves). Homage to the Noble Hermitess with Leaves. Following the previously described ritual, after meditating on emptiness, one should instantaneously generate oneself as the Hermitess with Leaves, born from a green syllable Paṃ resting upon a multicolored lotus and moon. She is green in color, with three faces, three eyes, and six arms. Her right and left faces are black and white, respectively. In her three right hands, she holds a vajra, a battle-axe, and an arrow. In her three left hands, she holds a drawn bow, a branch, and a lasso with a threatening gesture. Her faces are wrathful and smiling; she is youthful, wears a garland, and is clad in a tiger-skin skirt. Her belly is slightly protruding, and her hair is tied upward. Beneath her feet, she tramples all diseases and māras without exception. Her head is adorned by Amoghasiddhi. Having generated oneself in this way, one should recite the mantra: Oṃ piśāci parṇaśavari sarvamāripraśamani hūṃ phaṭ. The Sādhana of the Hermitess with Leaves is complete.