༄༅༅། ། རྒྱ་གར་སྐད་དུ། སཾ་ཀྵིཔྟ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། འོད་ཟེར་ཅན་གྱི་སྒྲུབ་ཐབས་མདོར་བསྡུས་པ། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། ། རང་གི་སྙིང་གར་ཟླ་བ་ལ་མཾ་ཡིག་བསམས་ནས། དེའི་འོད་ཟེར་རྣམས་ཀྱིས་བསྐྱེད་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བལྟས་ནས་ཕྱག་འཚལ་བ་དང་མངོན་པར་མཆོད་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། ། དེ་ནས་ཆོས་ཐམས་ཅད་ཀྱི་བདག་ཉིད་ཀྱང་སྒྱུ་མའི་དཔེ་ལ་སོགས་པས་སོ་སོར་སྣང་བ་ཙམ་ས་བོན་ལས་བསམས་ནས་རང་བཞིན་རྣམ་པར་དག་པ་བརྗོད་པར་བྱ་སྟེ། དེ་ནས་སྟོང་པ་ཉིད་ཀྱིས་ལྷག་པར་གྲོལ་བ་ལ་སོགས་པ་བརྗོད་པར་བྱའོ། ། དེ་ནས་དེའི་ས་བོན་ཡོངས་སུ་གྱུར་པ་ལས་མྱ་ངན་མེད་པའི་ཤིང་། དེའི་སྟེང་དུ་ཟླ་བ་ལ་གནས་པའི་མཾ་ཡིག། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་འོད་ཟེར་ཅན་གྱི་སྐུར་བལྟའོ། ། དེ་ཡང་སྐུ་མདོག་སེར་མོ་ཞལ་གསུམ་པ། སོ་སོར་སྤྱན་གསུམ་པ། ཕྱག་བརྒྱད་པ། ན་བཟའ་དམར་པོ་མནབས་པ། ཕུ་དུང་དམར་པོའི་སྟོད་གཡོགས་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ཅིང་འོད་འཕྲོ་བའི་ཕྲེང་བ་འཁྲིགས་པ་བནྡྷུ་ཛི་བ་ཀའི་མེ་ཏོག་ལྟ་བུ་དང་ལྡན་པའི་ཕྱག་གཡོན་པ་རྣམས་ཀྱིས་སྡིགས་མཛུབ་ཀྱི་ཞགས་པ་དང་། གཞུ་དང་། མྱ་ངན་མེད་པའི་ཡལ་ག་དང་། སྐུད་པ་བསྣམས་པ། གཡས་ན་རྡོ་རྗེ་དང་། མདའ་དང་། ལྕགས་ཀྱུ་དང་། ཁབ་བསྣམས་པ། མཆོད་རྟེན་གྱི་ནང་ན་གནས་ཤིང་ཕག་བདུན་གྱི་ཤིང་རྟ་ལ་ཞབས་གཡོན་བརྐྱང་གིས་བཞུགས་པ། ལང་ཚོ་གཞོན་ནུས་གནས་ཤིང་སྤྱན་རྒྱས་པ།
In the language of India: Saṃkṣiptamārīcyasādhana. In the language of Tibet: ’Od zer can gyi sgrub thabs mdor bsdus pa (A Concise Sādhana of Mārīcī). Homage to the Noble Lady Mārīcī! Visualizing the syllable Māṃ upon a moon disk at one’s own heart, one should behold the gurus, buddhas, and bodhisattvas generated by its light rays in the space before one, and perform prostrations, offerings, the confession of misdeeds, and so forth. Then, considering that the nature of all phenomena is a mere appearance like an illusion and so on, one should contemplate the seed syllable and recite the purity of intrinsic nature. Following that, one should recite the verses on liberation through emptiness and so forth. Then, from the complete transformation of that seed syllable, there is a aśoka tree. Upon it, on a moon disk, is the syllable Māṃ. From the complete transformation of all these, one should visualize oneself in the form of Mārīcī. She is yellow in color, with three faces, each with three eyes, and eight arms. She wears red garments and a red-sleeved upper robe, and is adorned with all ornaments. Her head is crowned by Vairocana, and she is surrounded by a dense mass of radiating light. Her left hands hold a noose with the threatening gesture (tarjanī), a bow, an aśoka branch, and a thread. Her right hands hold a vajra, an arrow, a hook, and a needle. She dwells within a stūpa and stands upon a chariot drawn by seven pigs with her left leg extended. She abides in youthful vigor, with wide, expansive eyes.