༄༅༅། ། རྒྱ་གར་སྐད་དུ། ཤྲཱི་མཱ་རཱི་ཙྱཻ་པི་ཙུ་པཱ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འོད་ཟེར་ཅན་པི་ཙུ་བའི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། ། རང་གི་རྟོག་ངན་ཆ་ཡིས་བསྐྱེད། ། བར་དུ་གཅོད་པ་ཀུན་ཞི་དང་། ། ཀུན་མཁྱེན་ཤེས་རབ་ཐོབ་བྱའི་ཕྱིར། ། འོད་ཟེར་ཅན་ཉིད་བསྒོམ་པར་བྱ། ། ཕྱོགས་ཀུན་དུས་གསུམ་ནང་བཞུགས་པའི། ། རྫོགས་སངས་རྒྱས་དང་བླ་མའི་མདུན། ། བདག་ཉིད་ལྟ་ལས་ཡང་དག་མཆོད། ། ཆོ་ག་བཞིན་དུ་བཤགས་ལ་སོགས། ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ། སྡིག་པ་ཐམས་ཅད་སོ་སོར་བཤགས། ། འགྲོ་བའི་དགེ་ལ་རྗེས་ཡི་རང་། ། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། ། བདག་མེད་པ་ཡི་ངོ་བོ་ནི། ། སྟོང་ཉིད་མཚན་མེད་རྒྱུ་དང་བྲལ། ། དེ་ཕྱིར་སྨོན་པ་མེད་པ་དང་། ། འགྲོ་རྣམས་རང་ཉིད་རྣམ་ཐར་གསུམ། ། སྐུ་གདུང་མཆོད་རྟེན་ཆོས་དབྱིངས་གནས། ། སྙིང་ག་སངས་རྒྱས་ལམ་ནས་ནི། ། མཁའ་ཁྱབ་སངས་རྒྱས་ཚོགས་འཕྲོ་བས། ། གྲུ་བཞི་ལ་སོགས་ཡང་དག་ལྡན། ། ཕྱི་དང་ནང་དུ་ཟུར་བཞི་ལ། ། རྩེ་གསུམ་གྱིས་མཚན་ཟླ་བའི་དཀྱིལ། ། གདུག་པའི་སེམས་ཅན་མཐིལ་དུ་མནན། ། རི་ཡི་རྒྱལ་པོ་རབ་ཏུ་གནས། ། དེ་ལ་མཾ་ཡིག་བསྒོམ་པར་བྱ། ། མྱ་ངན་མེད་ཤིང་ལས་བྱུང་བའི། ། སྒེག་ཅིང་དཔའ་དང་བདེན་པའི་ཆར། ། འཛམ་བུ་ནཱ་དའི་འོད་དང་མཚུངས། ། གཡས་ཞལ་ཨིནྡྲ་ནཱི་ལའི་མདོག། མི་སྡུག་འཇིགས་ཤིང་དྲག་པོ་སྟེ། ། ཅིག་ཤོས་ཞལ་ནི་ཟླ་འོད་འཕྲོ། ། སྙིང་རྗེ་ལས་བྱུང་ཞི་བ་སྟེ། ། ཞལ་གསུམ་རྣམ་པར་ཐར་པ་གསུམ། ། ཆོས་དང་ལོངས་སྤྱོད་སྤྲུལ་པར་གསུངས། ། ཡི་གེ་སེར་པོ་གོས་བཟང་དང་། །
In the language of India: Śrīmārīcyapiṭupāsādhana. In the language of Tibet: dPal ’od zer can pi tsu ba’i sgrub thabs (The Sādhana of the Glorious Mārīcī Piṭu). Homage to the Noble Lady Mārīcī. To pacify all obstacles produced by the portion of one’s own negative thoughts, and to attain the omniscient insight, one should meditate upon Mārīcī herself. In the presence of the perfect Buddhas and the Guru who dwell throughout all directions and the three times, I perfectly make offerings to myself as the deity. According to the ritual, I perform the confession and so forth. I take refuge in the Three Jewels. I individually confess all misdeeds. I rejoice in the virtue of wandering beings. I mentally embrace the awakening of the Buddhas. The essence of selflessness is emptiness, signless, and free from causes; therefore, it is wishless. Thus, for all wandering beings, there are the three doors of liberation. The reliquary stūpa is the abode of the dharmadhātu. From the path of the Buddha at the heart, a host of Buddhas pervading space radiates forth. It is perfectly endowed with four corners and so on. On the four corners, outer and inner, is a moon mandala marked with a trident. Beneath it, the base treads upon malevolent beings. The king of mountains is firmly established. Upon that, one should meditate on the syllable Māṃ. Born from the Aśoka tree, she is graceful, heroic, and the embodiment of truth. Her light is equal to that of the Jambunada gold. Her right face is the color of sapphire, ugly, terrifying, and fierce. The other face radiates moonlight; born of compassion, it is peaceful. The three faces are said to be the three doors of liberation: the Dharma, Enjoyment, and Emanation bodies. The yellow syllable is with fine garments.