༄༅༅། ། རྒྱ་གར་སྐད་དུ། ཀལྤོཀྟ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། ། རྣམ་པར་སྣང་མཛད་རིགས་བྱུང་བའི། ། འོད་ཟེར་ཅན་ལ་ཡང་དག་འདུད། ། རྟོག་པ་ལས་གསུངས་ཆོ་ག་ཡིས། ། དེ་ཡི་སྒྲུབ་ཐབས་རིམ་པ་བཤད། ། དེ་ལ་རེ་ཞིག་དཔལ་འོད་ཟེར་ཅན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་སྔགས་པས་རང་གི་དམ་ཚིག་དང་སྡོམ་པ་ཡོངས་སུ་བསྐྱང་ཞིང་དག་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་གདོན་པའི་བསམ་པས། ཨོཾ་ཕཊ་ཅེས་བརྗོད་པས་ཁྲོ་བོའི་ཁུ་ཚུར་གྱིས་སྙིང་ག་དང་། མཛོད་སྤུ་དང་། མགོ་བོ་རྣམས་སུ་བཀོད་ནས་ཞལ་བསང་བ་ལ་སོགས་པ་བྱས་ནས། ལྷའི་ཁང་པར་རབ་ཏུ་ཞུགས་ཏེ། བྲིས་སྐུ་ལ་སོགས་པའི་བཅོམ་ལྡན་འདས་མའི་སྐུ་བཀྲམ་ནས་འོད་ཟེར་ཅན་གྱི་སྔགས་ཡོངས་སུ་བཟླས་པའི་དྲིའི་ཆུས་བགེགས་བསྐྲད་ནས་དེ་བཞིན་དུ་ཉེར་སྤྱོད་ལྔ་ལ་སོགས་པ་རབ་ཏུ་སྦྱར་ཏེ། དེ་ལ་བགེགས་སྐྲོད་པའི་སྔགས་ནི་འདིའོ། ། ཨོཾ་མཱ་རཱི་ཙྱཻ་ཧཱུཾ་སརྦ་བིགྷྣ་ནུད་སཱ་རཱ་ཡ་ཧཱུཾ་ཕཊ། དེ་ནས་རང་གི་སྙིང་གའི་དང་པོའི་ཡི་གེས་མཚན་པའི་ཟླ་བའི་དཀྱིལ་འཁོར་དང་ཉི་མའི་དཀྱིལ་འཁོར་ལ་ཨཾ་བསམས་ནས། དེའི་སྟེང་དུ་དང་པོའི་བཅུ་གསུམ་པའི་ས་བོན་ལ་ཟླ་ཕྱེད་དང་ཐིག་ལེས་བརྒྱན་པ་ལ་ཚ་ཞིང་འོད་ཟེར་ཅན་གྱི་འོད་དང་ལྡན་པ། དེ་ལས་འོད་ཟེར་སྣ་ཚོགས་འཕྲོས་ཏེ་འོད་ཟེར་རྣམས་རྫོགས་པ་ལས་བཅོམ་ལྡན་འདས་མའི་སྐུ་དང་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དམིགས་ནས་མཆོད་ཅིང་ཕྱག་བཙལ་ནས་སྔགས་འདིའོ། །
In the language of India: Kalpoktamārīcīsādhana. In the language of Tibet: Rtog pa las gsungs pa’i ’od zer can gyi sgrub thabs (The Sādhana of Mārīcī as Taught in the Kalpa). Homage to the Noble Lady Mārīcī! I bow perfectly to Mārīcī, who has arisen from the family of Vairocana. I shall explain the stages of her sādhana according to the ritual procedures taught in the Kalpa. In this regard, a mantra practitioner who has received empowerment into the maṇḍala of the glorious Mārīcī should thoroughly maintain their samaya and vows. With a pure mind and the intention to liberate all sentient beings, they should utter "Oṃ Phaṭ!" and, with the wrathful fist, place it at the heart, the ūrṇā-kośa, and the head. Having performed the cleansing of the face and so forth, they should enter the deity’s chamber. Having displayed an image of the Bhagavatī, such as a painted scroll, they should expel obstructing spirits with scented water over which the mantra of Mārīcī has been recited. In that same manner, they should arrange the five sensory offerings and so forth. The mantra for expelling obstructing spirits is as follows: Oṃ mārīcyai hūṃ sarvavighnān utsāraya hūṃ phaṭ. Then, having visualized a moon maṇḍala and a sun maṇḍala marked by the first syllable at one’s heart, and the syllable Aṃ upon them, one should visualize the seed-syllable of the thirteenth letter of the alphabet, adorned with a crescent moon and a bindu, hot and possessing radiant light. From that, various rays of light radiate forth; from the completion of those rays, one should visualize the body of the Bhagavatī, as well as the gurus, buddhas, and bodhisattvas, and having made offerings and prostrations, the mantra is as follows: