༄༅༅། ། རྒྱ་གར་སྐད་དུ། ཨ་ཤྭ་ཀཱ་ཀནྟ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། ། རང་གི་སྙིང་གར་སྣ་ཚོགས་པདྨ་ལ་ཟླ་བའི་སྟེང་དུ་མཾ་ཡིག་སེར་པོ་རྣམ་པར་བཀོད་ལ། དེ་བཞིན་དུ་ཐམས་ཅད་སོ་སོར་སྣང་བ་ཙམ་གྱི་བདག་ཉིད་དུ་བརྟགས་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བརྗོད་པར་བྱའོ། ། དེ་ནས་དེའི་མཾ་ཡིག་ཡོངས་སུ་གྱུར་པ་ལས་མྱ་ངན་མེད་པའི་ཤིང་སླར་ཡང་མཾ་ཡིག་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སྐུ་མདོག་སེར་མོ་ཞལ་གཅིག་པ་ཕྱག་གཉིས་པ། དབུའི་ཆ་ལ་རྣམ་པར་སྣང་མཛད་ཀྱིས་ཉེ་བར་མཛེས་པ། རིན་པོ་ཆེའི་ཅོད་པན་ཅན། འགྱིང་བག་དང་བཅས་པ། གསེར་གྱི་མདོག་ལྟ་བུ། ཕག་གི་སྟེང་ན་སྣ་ཚོགས་པདྨ་དང་ཟླ་བ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། ལང་ཚོ་གཞོན་པ། མཐོ་ཞིང་སྟེང་དུ་གནས་པ། ཕྱག་གཡོན་པས་མྱ་ངན་མེད་པའི་ཤིང་གི་ཡལ་ག་བསྣམས་པ། གཡས་པས་མཆོག་སྦྱིན་པ། སྐུ་ལ་དོ་ཤལ་ལ་སོགས་པས་རྣམ་པར་བརྒྱན་པ། ན་བཟའ་དཀར་པོ་མནབས་པ། རང་གི་སྙིང་གར་མཾ་ཡིག་ལས་དཔག་ཏུ་མེད་པའི་ཕག་གི་རྣམ་པ་འོད་ཟེར་འཕྲོ་བས་གདུག་པ་ཅན་རྣམས་འདུལ་བར་བསམ་པར་བྱའོ། ། ཨོཾ་མཱ་རཱི་ཙྱཻ་མཱཾ་སྭཱ་ཧཱ། དེ་ནས་ཇི་ལྟ་བ་བཞིན་དུ་གཤེགས་ནས་ཅི་བདེར་གནས་པར་བྱའོ། ། ཡུལ་གཞན་དུ་འཇུག་པར་འདོད་ན་སྔགས་འདིས་བདག་ཉིད་ཀྱི་སྟོད་གཡོགས་ཀྱི་སྣ་བཟུང་ནས་ལན་བདུན་ཡོངས་སུ་བཟླས་ཏེ་ལྷན་ཅིག་ཏུ་གོས་ཀྱི་མཐའ་བཟུང་ནས་ཇི་ལྟ་བ་བཞིན་དུ་མདུད་པ་བྱས་ཏེ་འགྲོ་བར་བྱའོ། །
In the language of India: Aśvakāntamārīcyai-sādhanam. In the language of Tibet: Mya ngan med pa’i shing gi ’od zer can gyi sgrub thabs (The Sādhana of the Aśvakānta Mārīcī). Homage to the Noble Lady Mārīcī. At one’s own heart, upon a multicolored lotus and a moon disc, visualize a yellow syllable MĀṂ. Likewise, having analyzed all things as being of the nature of mere individual appearance, one should recite: Oṃ svabhāvaśuddhāḥ sarvadharmāḥ svabhāvaśuddho ’haṃ. Then, from the complete transformation of that syllable MĀṂ, there arises an Aśvakānta tree, and from the complete transformation of that tree, the Bhagavatī [Mārīcī] appears. She is yellow in color, with one face and two arms. Her head is beautified by Vairocana, and she wears a jeweled crown. She is poised with a graceful, haughty bearing, and her complexion is like the color of gold. She stands upon a pig, atop a multicolored lotus and moon disc, in a playful posture. She is youthful, tall, and upright. With her left hand she holds a branch of the Aśvakānta tree, and with her right she performs the gesture of supreme generosity (varada-mudrā). Her body is adorned with necklaces and the like, and she wears white garments. One should visualize that from the syllable MĀṂ at one’s heart, immeasurable forms of pigs radiate light rays, subduing all malevolent beings. Oṃ mārīcyai māṃ svāhā. Then, having departed as before, one should remain at ease. If one wishes to enter another place, one should take the corner of one’s upper garment, recite this mantra seven times, and together with holding the edge of the cloth, tie a knot as before and then proceed.