༄༅༅། ། རྒྱ་གར་སྐད་དུ། ཨཥྚ་བྷུ་ཛ་སི་ཏཱ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། འོད་ཟེར་ཅན་ཕྱག་བརྒྱད་མ་སེར་མོའི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། དང་པོར་རེ་ཞིག་སྔགས་པས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། གཡོན་པ་ཁྲོ་བོའི་ཁུ་ཚུར་གྱིས་སྙིང་ག་དང་། མཛོད་སྤུ་དང་། མགྲིན་པ་དང་། སྤྱི་བོ་རྣམས་སུ་ཨོཾ་ཕཊ་ཅེས་པའི་སྔགས་ཀྱིས་ཡང་དག་པར་རེག་ནས་གཡས་པ་ཁྲོ་བོའི་ཁུ་ཚུར་བསྟོད་པས་བགེགས་མེད་པར་བསམ་པར་བྱའོ། ། དེ་ནས་ཁ་བསང་བ་ལ་སོགས་པ་བྱས་ནས་སླར་ཡང་ཉེ་བར་གནས་ཏེ། རང་གི་སྙིང་གར་མཚན་མོ་དང་ཉིན་མོའི་དབྱེ་བས་ཨ་ཡིག་དང་ཨ་ཡིག་རྫོགས་པ་ལས་ཟླ་བ་དང་ཉི་མར་བལྟས་ལ། དེའི་སྟེང་དུ་ཨོཾ་ཡིག་སེར་པོའི་རྣམ་པར་བསྒོམས་ལ་དེའི་འོད་ཟེར་ལས་སྐྱེས་པའི་བཅོམ་ལྡན་འདས་མ་མདུན་དུ་བལྟས་ཏེ། ཇི་ལྟར་རྙེད་པའི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། ། དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཱསྶརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བརྗོད་པར་བྱའོ། ། དེ་ནས་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པའོ། ། དེའི་དབུས་སུ་གནས་པའི་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་བདག་ཉིད་རྣམ་པར་སྣང་མཛད་སྐུ་མདོག་སེར་པོ་རལ་པའི་ཅོད་པན་བསྣམས་པ། ཞི་བ་པདྨའི་སྙིང་པོའི་སེང་གེའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པར་བསམ་པར་བྱའོ། །
In the language of India: Aṣṭabhujasitāmārīcyai-sādhana. In the language of Tibet: The Sādhana of the Yellow Eight-Armed Mārīcī. Homage to the Noble Lady Mārīcī. First, the practitioner should sit upon a comfortable seat. With the left hand in a wrathful fist, one should touch the heart, the ūrṇā hair-treasure, the throat, and the crown of the head with the mantra "Oṃ Phaṭ," and with the right hand raised in a wrathful fist, one should contemplate that all obstacles are dispelled. Then, having performed the cleansing of the mouth and so forth, one should settle once more. In one's own heart, according to the distinction between night and day, one should visualize a moon or a sun arising from the complete transformation of the syllable A. Upon that, one should meditate on the form of a yellow syllable Oṃ. From its light rays, one should visualize the Bhagavatī in front, and having made offerings of whatever flowers and so forth are available, one should perform the confession of misdeeds and so forth before her, and then meditate on the emptiness of all things. Then, one should recite: "Oṃ svabhāva-śuddhāḥ sarva-dharmāḥ svabhāva-śuddho 'haṃ." Then, from the complete transformation of the syllable Oṃ, there arises an eight-spoked wheel. In its center, from the complete transformation of the syllable Oṃ, one should visualize oneself as Vairocana, yellow in color, wearing a crown of matted locks, peaceful, seated in the vajra posture upon a lion throne in the heart of a lotus, adorned with all ornaments, and forming the mudrā of supreme enlightenment.