༄༅༅། ། རྒྱ་གར་སྐད་དུ། བཛྲ་དྷཱ་ཏྭཱི་ཤྭ་རཱི་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འོད་ཟེར་ཅན་གྱི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་པས་སྤྱི་བོ་དང་དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་པུས་མོ་གཉིས་རྣམས་སུ་བདག་ཉིད་རྣམ་པར་བསྒོམས་ནས་ཨོཾ་ཡིག་གིས་ཐམས་ཅད་སྔོན་མ་བཞིན་དུ་རྣམ་པར་དག་པར་བརྗོད་པའོ། ། མཐར་ཐུག་པའི་ཆོ་ག་བྱས་ནས་ཨོཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འོད་ཟེར་ཅན་ཕྱག་བཅུ་གཉིས་པ། ཞལ་དམར་པོ་ལྟོ་བ་འཕྱང་བ། དབུ་སྐྲ་ཁམ་པ་གྱེན་དུ་འབར་ཞིང་བརྫེས་པ་ཐོད་པའི་ཕྲེང་བ་ཅན་སྦྲུལ་གྱི་སྐེ་རགས་བྱས་པ། སྟག་གི་པགས་པའི་ན་བཟའ་མནབས་པ། ཞབས་ཟུང་གིས་བགེགས་དཔག་ཏུ་མེད་པ་མནན་པ། མཆོད་རྟེན་གྱི་ནང་ན་ཉི་མའི་དཀྱིལ་འཁོར་ལ་ཞབས་གཡོན་བརྐྱང་གིས་བཞུགས་པ། རྣམ་པར་སྣང་མཛད་ཀྱིས་མགོན་དང་བཅས་པ། སྣ་ཚོགས་པའི་ཕག་གཉིས་ཀྱིས་བཀུག་པའི་ཡིད་ཀྱིས་ཤིང་རྟ་ལ་ཞོན་པ། དམར་པོ་དང་། ནག་པོ་དང་། ལྗང་གུ་དང་། སེར་པོ་དང་། དཀར་པོ་རྣམས་དང་པོ་ལ་སོགས་པའི་ཞལ་ལྔའོ། ། སྟེང་དུ་ཕག་ཞལ་ནག་པོ་གཅིག་གོ། ཕྱག་གཡས་པ་རྣམས་ན་རལ་གྲི་དང་གཏུན་ཤིང་དང་། མདའ་དང་། ལྕགས་ཀྱུ་དང་། རྡོ་རྗེ་རྩེ་གཅིག་པ་དང་། དགྲ་སྟ་རྣམས་སོ། ། ཕྱག་གཡོན་པ་རྣམས་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་། ཐོད་པ་དང་། མྱ་ངན་མེད་པའི་ཡལ་ག་དང་། ཚངས་པའི་མགོ་བོ་དང་། གཞུ་དང་། རྩེ་གསུམ་རྣམས་བསྣམས་པའོ། ། སྤྱན་གསུམ་པ། ལྗགས་བསྐྱོད་ཅིང་ཞལ་གཙིགས་པ།
In the language of India: Vajradhātvīśvarī-mārīcyai-sādhanam. In the language of Tibet: rDo rje dbyings kyi dbang phyug ma ’od zer can gyi sgrub thabs (The Sādhana of Vajradhātvīśvarī Mārīcī). Homage to the Noble Lady Mārīcī! Reciting "Oṃ Āḥ Hūṃ Svāhā," one should visualize oneself at the crown, forehead, throat, heart, and both knees. With the syllable Oṃ, one should declare that all these are completely pure, just as before. Having performed the ultimate ritual, from the syllable Oṃ arises Vajradhātvīśvarī Mārīcī, with twelve arms, a red face, and a protruding belly. Her brown hair is blazing upward and tied up, and she wears a garland of skulls and a snake-belt. She is clothed in a tiger-skin garment and stands with her two feet treading upon immeasurable obstructing spirits. She dwells within a stūpa upon a sun maṇḍala in the posture of the left leg extended, with Vairocana as her protector. She rides a chariot drawn by two various-colored pigs, summoned by her mind. She has five faces, the first of which is red, then black, green, yellow, and white. Above these is a single black sow’s face. In her right hands, she holds a sword, a pestle, an arrow, a hook, a single-pronged vajra, and a battle-axe. In her left hands, she holds a noose with a threatening gesture, a skull-cup, a branch of the Ashoka tree, the head of Brahmā, a bow, and a trident. She has three eyes, her tongue is flickering, and her mouth is bared in a snarl.