༄༅༅། ། རྒྱ་གར་སྐད་དུ། ཀལྤོཀྟ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། ། བླ་མེད་བདེ་ལ་མ་ཆགས་པ། ། བླ་མ་ཤེས་རབ་ཕ་རོལ་ཕྱིན། ། ཕྱག་འཚལ་རྟོག་པའི་འོད་ཟེར་ཅན། ། སྒྲུབ་ཐབས་དེ་ལྟར་བྲི་བར་བྱ། ། དེ་ལ་དང་པོར་རེ་ཞིག་རྣལ་འབྱོར་པས་འགྲོ་བ་མ་ལུས་པ་འདོན་པའི་ལྷག་པའི་བསམ་པས་ཨོཾ་ཕཊ་ཅེས་པའི་སྔགས་ཀྱིས་སྙིང་ག་དང་། མགྲིན་པ་དང་། མཛོད་སྤུ་དང་། སྤྱི་བོ་རྣམས་སུ་ཁྲོ་བོའི་ཁུ་ཚུར་བྱིན་ནས། ཨོཾ་མཱ་རཱི་ཙྱཻ་བིགྷྣཱཾ་ནུཏྶཱ་ར་ཡ་ཧཱུཾ་ཕཊ་ཅེས་པས་བགེགས་བསྐྲད་ནས། རང་གི་སྙིང་གར་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་ཉི་མ་ལ་མཾ་ཡིག་བསམས་ནས་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་བཅོམ་ལྡན་འདས་མ་གདན་དྲངས་ཏེ་མདུན་གྱི་ནམ་མཁའ་ལ་བཞུགས་སུ་གསོལ་ཏེ། གསེར་ལྟ་བུ་ཞལ་གསུམ་པ། སྤྱན་གསུམ་པ། ཕྱག་བརྒྱད་པ། དམར་པོ་ནི་གཡས་ཀྱི་ཞལ་ལོ། ། སྔོན་པོ་མི་སྡུག་པ་ཕག་གི་ཞལ་ནི་གཡོན་དུའོ། ། རྡོ་རྗེ་དང་། ལྕགས་ཀྱུ་དང་། མདའ་དང་། ཁབ་རྣམས་ནི་གཡས་ཀྱི་ཕྱག་བཞི་ན་བསྣམས་པའོ། ། མྱ་ངན་མེད་པའི་ཤིང་གི་ཡལ་ག་དང་། གཞུ་དང་། སྐུད་པ་དང་། སྡིགས་མཛུབ་ནི་གཡོན་གྱི་ཕྱག་བཞི་ན་བསྣམས་པའོ། ། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། རྒྱན་སྣ་ཚོགས་པས་བརྒྱན་པ། མཆོད་རྟེན་གྱི་ནང་ན་གནས་པ། གོས་དམར་པོའི་ཕུ་དུང་གི་སྟོད་གཡོགས་ཅན་ཕག་བདུན་གྱི་ཤིང་རྟའི་སྟེང་ན་ཞབས་གཡོན་བརྐྱང་གིས་བཞུགས་པ།
In the language of India: Kalpoktamārīcīsādhana. In the language of Tibet: rtog pa las gsungs pa'i 'od zer can gyi sgrub thabs (The Sādhana of Mārīcī as Spoken in the Kalpa). Homage to the Noble Lady Mārīcī! To the one who is unattached to unsurpassed bliss, To the Guru, the Perfection of Wisdom, Homage to Mārīcī of the Kalpa; Thus shall the sādhana be written. In this regard, first of all, the yogin, with the superior intention of delivering all beings without exception, should empower the heart, throat, ūrṇā-kośa, and crown with the wrathful fist while reciting the mantra OṂ PHAṬ. Then, having expelled the obstructors with OṂ MĀRĪCYAI VIGHNĀN UTSARAYA HŪṂ PHAṬ, one should visualize the syllable OṂ at one’s own heart, which completely transforms into a sun disk, upon which is the syllable MAṂ. From that, a mass of light rays invites the Bhagavatī, who is then requested to remain in the sky in front. She is golden in color, with three faces, three eyes, and eight arms. The right face is red; the left is blue and ugly, the face of a sow. In her four right hands, she holds a vajra, a hook, an arrow, and a needle. In her four left hands, she holds a branch of the aśoka tree, a bow, a thread, and a threatening gesture (tarjanī). She is crowned with Vairocana, adorned with various ornaments, and resides within a stūpa. Wearing a red garment with sleeves as an upper robe, she sits upon a chariot drawn by seven pigs with her left leg extended.