༄༅༅། ། རྒྱ་གར་སྐད་དུ། ཨ་ཤོ་ཀ་ཀཱནྟ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། ། དེ་ནས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ་ཟླ་བ་ལ་མཾ་ཡིག་སེར་པོ་ལས་བྱུང་བའི་མྱ་ངན་མེད་པའི་ཤིང་དེའི་སྟེང་དུ་མཾ། དེ་ཡོངས་སུ་གྱུར་པ་ལས་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་པ། མགོན་པོ་རྣམ་པར་སྣང་མཛད་ཀྱི་རིན་པོ་ཆེའི་དབུ་རྒྱན་ཅན། གསེར་ལྟ་བུའི་ཕག་པའི་རྒྱབ་ཏུ་སྣ་ཚོགས་པདྨ་དང་། ཟླ་བ་ལ་འགྱིང་བག་དང་བཅས་པའི་སྟེང་དུ་བཞུགས་པ། མྱ་ངན་མེད་པའི་ཤིང་གི་ཡལ་ག་འཕྱར་བ་ཕྱག་གཡོན་ན་བསྣམས་པ། ཕྱག་གཡས་པས་མཆོག་སྦྱིན་པ། དོ་ཤལ་ལ་སོགས་པ་སྐུ་ལ་བརྒྱན་པ། ལང་ཚོ་གཞོན་ཞིང་མཛེས་པ་འདི་བཞིན་བསམ་པར་བྱའོ། ། སྙིང་གའི་མཾ་ཡིག་གི་ས་བོན་ལས་འོད་ཟེར་འཕྲོས་པས་མགོ་དང་བཅས་པའི་ཕག་གི་ཚོགས་ཀྱིས་གདུག་པ་ཅན་བརླག་སྟེ། སེམས་ཅན་དཔག་ཏུ་མེད་པའི་དོན་སྣ་ཚོགས་བྱེད་པའོ། ། ཨོཾ་མཱ་རཱི་ཙྱཻ་མཱཾ་སྭཱ་ཧཱ། ཞེས་པ་ནི་བཟླས་པའི་སྔགས་སོ། ། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ། །
In the language of India: Aśokakāntamārīcyai-sādhana. In the language of Tibet: Mya ngan med pa’i shing gi ’od zer can gyi sgrub thabs (The Sādhana of the Aśokakāntamārīcī). Homage to the Noble Lady Mārīcī! Then, following the meditation on emptiness, from a yellow syllable Māṃ upon a moon disc arises an aśoka tree, atop which is the syllable Māṃ. From its complete transformation, she appears with a yellow body, one face, and two hands. She is adorned with a precious crown of the Protector Vairocana and sits with a majestic posture upon a multicolored lotus and moon disc on the back of a golden pig. In her left hand she holds aloft a branch of the aśoka tree, and her right hand is in the gesture of supreme generosity (varada). Her body is adorned with necklaces and other ornaments; she is youthful and beautiful—one should visualize her in this way. Light rays radiate from the seed syllable Māṃ at her heart, and with a host of pigs including the head [of the deity], they destroy the malevolent ones and perform various benefits for immeasurable sentient beings. Oṃ mārīcyai māṃ svāhā. This is the mantra for recitation. The Sādhana of the Aśokakāntamārīcī is complete.