༄༅༅། ། རྒྱ་གར་སྐད་དུ། ཀལ་པོཀྟ་ད་ཤ་བྷུ་ཛ་སཱི་ཏ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོ་ཕྱག་བཅུ་པའི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། ། སྔོན་དུ་གསུངས་པའི་ཆོ་གས་བཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་ལ་མཾ་ཡིག་དཀར་པོ་ལས་སྐྱེས་པའི་འོད་ཟེར་ཅན་དཀར་མོ་ཞལ་ལྔ་པ། ཕྱག་བཅུ་པ། ཞབས་བཞི་པའི་བདག་ཉིད་དུ་སྐད་ཅིག་གིས་བསམ་པར་བྱའོ། ། དེ་ལ་རྩ་བའི་ཞལ་དཀར་པོ། གཡས་ནག་པོ། གཡོན་ཕག་ཞལ་དམར་མོ། རྒྱབ་ཞལ་ལྗང་གུ། དབུའི་སྟེང་དུ་ཞལ་སེར་མོ། རིན་པོ་ཆེ་སྣ་ཚོགས་པའི་ཟུར་ཕུད་གསུམ་གྱིས་བརྒྱན་ཅིང་རལ་པའི་ཅོད་པན་ཅན། ཕྱག་གཡས་པ་ལྔ་རྣམས་ན་ཉི་མའི་དཀྱིལ་འཁོར་དང་། རྡོ་རྗེ་སྔོན་པོ་དང་། མདའ་དང་། ལྕགས་ཀྱུ་དང་ཁབ་ཕྱག་ན་བསྣམས་པའོ། ། གཡོན་པ་ལྔ་རྣམས་ན་ཟླ་བའི་དཀྱིལ་འཁོར་དང་། གཞུ་དང་། མྱ་ངན་མེད་པའི་ལོ་མ་དང་། ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་། སྐུད་པ་བསྣམས་པའོ། ། ལང་ཚོ་གཞོན་ཞིང་ཕུ་དུང་སྟོད་གཡོགས་དཀར་པོ་ཅན། མཆོད་རྟེན་གྱི་ནང་ན་གནས་པ། ཕག་བདུན་གྱི་ཤིང་རྟ་ལ་ཞོན་པ། ཁྱབ་འཇུག་དང་། དབང་པོ་དང་། བདེ་བྱེད་དང་། ཚངས་པ་རྣམས་ཞབས་བཞིས་མནན་པ། དེའི་ཤིང་རྟའི་དབུས་སུ་གནས་པའི་ཆུ་སྲིན་མནན་པའི་བཅོམ་ལྡན་འདས་མ་གཞན་ཏེ། སྐུ་མདོག་ནག་མོ་ཕག་གི་གདོང་པ་ཅན། རྡོ་རྗེ་དང་སྡིགས་མཛུབ་ནི་གཡས་དང་གཡོན་གྱི་ཕྱག་ནའོ། ། གཡས་ཕྱོགས་སུ་གཞན་བཅོམ་ལྡན་འདས་མ་ནི་ཕག་ཞལ་དམར་མོ་ཕྱག་བཞི་པ་གཡས་པ་གཉིས་ཀྱིས་ལྕགས་ཀྱུ་དང་ཁབ་བསྣམས་པའོ། །
In the language of India: Kalpoktadaśabhujasitāmārīcīsādhana. In the language of Tibet: rTog pa las gsungs pa'i 'od zer can dkar mo phyag bcu pa'i sgrub thabs (The Sādhana of the Ten-Armed White Mārīcī as Spoken in the Kalpa). Homage to the Noble Lady Mārīcī! First, according to the previously explained ritual, upon a multicolored lotus arising from the syllable BAṂ, one should instantly visualize oneself as the White Mārīcī, arisen from a white syllable MAṂ upon a moon disc. She has five faces, ten arms, and four legs. In this regard, her central face is white, the right is black, the left is a red sow-face, the back face is green, and the face above the head is yellow. She is adorned with three topknots of various jewels and wears a crown of matted hair. In her five right hands, she holds a sun disc, a blue vajra, an arrow, a hook, and a needle. In her five left hands, she holds a moon disc, a bow, an aśoka leaf, a noose together with a threatening gesture (tarjanī), and a thread. She is youthful, wears white sleeves and an upper garment, and dwells within a stūpa. She rides a chariot drawn by seven pigs, trampling Viṣṇu, Indra, Śiva, and Brahmā with her four legs. In the center of that chariot, she tramples a makara; there is another Bhagavatī, black in color and with a sow-face, holding a vajra and a threatening gesture in her right and left hands respectively. To the right is another Bhagavatī with a red sow-face and four arms, holding a hook and a needle in her two right hands.