༄༅༅། ། རྒྱ་གར་སྐད་དུ། ཙུནྡེ་སཱ་དྷ་ནཾ། བོད་སྐད་དུ། ཙུནྡེའི་སྒྲུབ་ཐབས། ཙུནྡེ་ལ་ཕྱག་འཚལ་ལོ། ། དང་པོར་སྙིང་གར་ཟླ་བའི་དཀྱིལ་དུ་གནས་པའི་ཙུཾ་ཡིག་གི་ས་བོན་ལས་བྱུང་བའི་འོད་ཟེར་སྣ་ཚོགས་པ། ཡོངས་སུ་རྫོགས་པ་ལས་མདུན་དུ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བལྟས་ལ་མཆོད་པ་ལ་སོགས་པ་བྱའོ། ། ཨོཾ་བཛྲ་པུཥྤེ་ཧཱུཾ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་སོ། ། དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་ཚིགས་བཅད་བརྗོད་པར་བྱའོ། ། དེ་ནས་སྟོང་པ་ཉིད་བསྒོམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། ། དེ་ནས་ཨོཾ་ཙུཾ་ལས་སྐྱེས་པའི་ཙུནྡེ་སྟོན་ཀའི་ཟླ་བ་ལྟ་བུ་ཕྱག་བཞི་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་པ་མཆོག་སྦྱིན། གཡོན་པ་པུསྟིས་མཚན་པའི་པདྨ་བསྣམས་པ། ཕྱག་ལྷག་མ་དག་གིས་ལྷུང་བཟེད་བསྣམས་པ། པདྨ་དང་ཟླ་བ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་བསྒོམ་པར་བྱའོ། ། ཕྱི་ནས་ཕྱག་རྒྱས་སྙིང་ག་དང་། མཛོད་སྤུ་དང་། མགྲིན་པ་དང་། སྤྱི་བོ་རྣམས་སུ་ཡང་དག་པར་རེག་ཅིང་སྲུང་བ་བྱས་ནས་བཟླས་པར་བྱའོ། ། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཉིས་ཐལ་མོ་སྦྱར་ཏེ། མཛུབ་མོ་དག་གུང་མོ་དག་གི་དཀྱིལ་དུ་བསྐྱིལ་བའི་རྣམ་པར་སྦྱར་ཏེ་མཐེ་བོང་དག་ལོགས་སུ་གནས་པའོ་ཞེས་སོ། ། ཙུནྡེའི་སྒྲུབ་ཐབས་རྫོགས་སོ། །
In the language of India: Cundīsādhana. In the language of Tibet: Tsundéi drubthab (The Sādhana of Cundī). Homage to Cundī! First, from the seed-syllable cuṃ situated in the center of a moon disc at the heart, various rays of light emanate. From their complete perfection, one should visualize the Guru, Buddhas, and Bodhisattvas in front, and perform the offerings and so forth with the mantras such as oṃ vajra puṣpe hūṃ. Then, one should recite the verses for taking refuge in the Three Jewels and so forth. Next, meditate on emptiness and recite: oṃ śūnyatā-jñāna-vajra-svabhāvātmako ’haṃ. Then, from oṃ cuṃ, one should meditate on Cundī, who is like the autumn moon, with four arms, adorned with all ornaments. Her right hand is in the gesture of supreme generosity (varada-mudrā), and her left holds a lotus marked with a scripture (pustaka). Her remaining two hands hold an alms bowl. She sits in the sattvaparyaṅka posture upon a lotus and moon. Thereafter, perform the protection by correctly touching the heart, the ūrṇā-kośa (between the eyebrows), the throat, and the crown with the mudrā, and then perform the recitation: oṃ cale cule cunde svāhā. The mudrā for this is as follows: join the two palms together, curve the index fingers into the middle of the middle fingers, and place the thumbs to the sides. The Sādhana of Cundī is complete.