༄༅༅། ། རྒྱ་གར་སྐད་དུ། ཙུནྡ་སཱ་དྷ་ནཾ། བོད་སྐད་དུ། ཙུནྡེའི་སྒྲུབ་ཐབས། འཕགས་མ་ཙུནྡེ་ལ་ཕྱག་འཚལ་ལོ། ། དང་པོ་སྙིང་གར་ཟླ་བ་ལ་ཙུཾ་ཡིག་དཀར་པོའི་ས་བོན་བལྟས་ལ། དེའི་འོད་ཟེར་གྱིས་སངས་རྒྱས་ལ་སོགས་པ་རྣམས་ལ་མཆོད་པ་དང་། ཕྱག་འཚལ་བ་དང་། ཡང་དག་པར་བསྟོད་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་གྱིས་མཆོད་པའི་རྗེས་ལ་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་བརྗོད་ནས་བཟོད་པར་གསོལ་ཏེ། ཚད་མེད་པའི་གནས་བཞི་རྣམ་པར་བསྒོམ་ཞིང་སྟོང་པ་ཉིད་བསམ་པར་བྱའོ། ། དེ་ནས་སྣ་ཚོགས་པདྨ་དང་ཟླ་བ་ལ་ཡང་རང་གི་ས་བོན་བསམ་ཞིང་དེ་ཡོངས་སུ་གྱུར་པ་ལས་འཕགས་མ་ཙུནྡེ་སྟོན་ཀའི་ཟླ་བ་ལྟ་བུ་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་པ་མཆོག་སྦྱིན། ཕྱག་གཡོན་པ་པུ་སྟིས་མཚན་པའི་པདྨ། ཕྱག་ལྷག་མ་དག་གིས་ལྷུང་བཟེད་བསྣམས་པ། རྒྱན་དང་ན་བཟའ་སྣ་ཚོགས་པས་རྣམ་པར་བརྒྱན་པ་རྡོ་རྗེ་སེམས་དཔའི་ཅོད་པན་ཅན། སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པའི་སྐུའི་བདག་ཉིད་སྤྲོ་ཞིང་སྐད་ཅིག་གིས་བསྐྱེད་ནས་རང་གི་ས་བོན་སྙིང་གར་བསམས་ཏེ་ཕྱག་རྒྱ་གནས་གསུམ་དུ་དགོད་པར་བྱའོ། ། ལག་པ་གཉིས་ཐལ་མོ་སྦྱར་ནས་མཛུབ་མོ་གཉིས་གུང་མོའི་དཀྱིལ་དུ་འཁྱིལ་པའི་རྣམ་པར་སྦྱར་ཏེ། མཐེབ་ཆེན་གཉིས་ལོགས་སུ་སྦྱར་བའོ། ། སྔགས་ནི། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། ཞེས་སོ། ། ཙུནྡེའི་སྒྲུབ་ཐབས་རྫོགས་སོ། །
In the language of India: Cunda-sādhana. In the language of Tibet: Tsundéi sgrub thabs (The Sādhana of Cunda). Homage to the Noble Lady Cunda! First, visualize at the heart a white seed-syllable cūṃ upon a moon disc. With its light rays, perform the sevenfold unsurpassed offering to the Buddhas and others—consisting of offerings, prostrations, perfect praise, the confession of misdeeds, and so forth. Following that, recite the verses for taking refuge in the Three Jewels, request forbearance, and meditate upon the four immeasurables while contemplating emptiness. Then, visualize one's own seed-syllable upon a multicolored lotus and moon disc. From its total transformation, the Noble Lady Cunda arises instantaneously, like the autumn moon, with one face and four arms. Her right hand is in the gesture of supreme generosity (varada-mudrā); her left hand holds a lotus marked by a scripture (pustaka); and her remaining two hands hold an alms bowl. She is adorned with various ornaments and garments, wears a crown of Vajrasattva, and emanates a physical form that acts for the benefit of immeasurable sentient beings. Having generated her, visualize one's own seed-syllable at the heart and place the mudrā at the three places. Join the two palms together and hook the two index fingers into the middle of the two middle fingers; join the two thumbs to the sides. The mantra is: Oṃ cale cule cunde svāhā. The Sādhana of Cunda is complete.