༄༅༅། ། རྒྱ་གར་སྐད་དུ། ཙུནྡ་སཱ་དྷ་ནཾ། བོད་སྐད་དུ། ཙུནྡེའི་སྒྲུབ་ཐབས། འཕགས་མ་ཙུནྡེ་ལ་ཕྱག་འཚལ་ལོ། ། ལྷ་མོ་ཙུནྡེ་ལྷག་པར་ཆེ། ། ཡང་དག་རྒྱལ་བ་དེ་བཏུད་ནས། ། དངོས་གྲུབ་མྱུར་དུ་རབ་འགྲུབ་པ། ། དེ་ཡི་སྒྲུབ་ཐབས་མདོར་བསྡུས་བརྗོད། ། དང་པོར་རེ་ཞིག་སྔགས་པས་རང་གི་སྙིང་གར་ཟླ་བའི་དབུས་སུ་ས་བོན་སྡེ་ཚན་གསུམ་པའི་དང་པོ་ལ་དང་པོའི་ལྔ་པས་བརྒྱན་པ། ཟླ་ཕྱེད་དང་ཐིག་ལེས་སྤྲས་པ་སྟོན་ཀའི་ཟླ་བའི་འོད་ཟེར་གྱི་ཕྲེང་བ་ཅན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱི་རླབས་ཀྱིས་མཛེས་པ། དེའི་འོད་ཟེར་ལས་སྐྱེས་པའི་བཅོམ་ལྡན་འདས་མ་དང་། བླ་མ་དང་སངས་རྒྱས་ལ་སོགས་པ་རྣམས་བལྟས་ནས། མངོན་པར་ཕྱག་བྱས་ཏེ་སྔགས་ཀྱིས་མཆོད་པར་བྱའོ། ། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུཾ། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ། སྡིག་པ་ཐམས་ཅད་སོ་སོར་བཤགས། ། འགྲོ་བའི་དགེ་ལ་རྗེས་ཡི་རང་། ། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། ། ཞེས་བརྗོད་པར་བྱའོ། ། དེ་ནས་སྨོན་ལམ་སྔོན་དུ་འགྲོ་བས། སྔགས་འདིས་ཆོས་ཐམས་ཅད་སྟོང་པ་ཉིད་བདག་མེད་པར་བསྒོམ་པར་བྱའོ། ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་ཁམས་གསུམ་པ་མ་ལུས་པ་ས་བོན་སྒྱུ་མའི་རྣམ་པར་བསམས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿ སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། དེ་ནས་སྔོན་དུ་གསུངས་པའི་ས་བོན་ལས་སྐྱེས་པའི་དཔལ་གྱི་ལྷ་མོ་ཙུནྡེའི་བདག་ཉིད་དུ་བསྒོམ་པར་བྱ་སྟེ།
In the language of India: Cunda-sādhana. In the language of Tibet: Tsundéi sgrub thabs (The Sādhana of Cundī). Homage to the Noble Lady Cundī! Having bowed to the Noble Cundī, who is exceedingly great, and to the Perfect Victor, I shall describe her sādhana in brief, which brings about the swift attainment of accomplishments. First, the practitioner should visualize at the center of a moon disk in their own heart the seed syllable—the first of the third group of consonants (ta), adorned with the fifth of the first group (pa), decorated with a crescent moon and a bindu, and possessing a garland of light rays like the autumn moon, beautified by the blessings of all the Buddhas and Bodhisattvas. Having visualized the Bhagavatī [Cundī] and the gurus, Buddhas, and so forth, who are born from those light rays, one should prostrate and make offerings with the mantra: Oṃ vajra puṣpe hūṃ. Oṃ vajra dhūpe hūṃ. Oṃ vajra dīpe hūṃ. Oṃ vajra gandhe hūṃ. Oṃ vajra naivedye hūṃ. Then, one should recite: "I take refuge in the Three Jewels. I confess each and every sin. I rejoice in the virtue of all beings. I mentally embrace the enlightenment of the Buddhas." Then, preceded by the aspiration prayer, one should meditate on the emptiness and selflessness of all phenomena with this mantra: Oṃ śūnyatā-jñāna-vajra-svabhāvātmako ’haṃ. Then, one should contemplate the three realms in their entirety as the illusory form of the seed syllable: Oṃ svabhāva-śuddhāḥ sarva-dharmāḥ svabhāva-śuddho ’haṃ. Then, one should meditate on oneself as the glorious goddess Cundī, born from the previously mentioned seed syllable.