༄༅༅། ། རྒྱ་གར་སྐད་དུ། ཨེ་ཀ་ཛཱ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། རལ་པ་གཅིག་མའི་སྒྲུབ་ཐབས། འཕགས་མ་ཨེ་ཀ་ཛཱ་ཊཱི་ལ་ཕྱག་འཚལ་ལོ། ། ཨོཾ་ཨཱཿཧཱུཾ་ཨོཾ་བཛྲ་ཡོ་གི་ནཱི་པྲ་ཏཱིཙྪ་མཾ་བ་ལིཾ་ཧྲཱིཾ་ཧཱུཾ་ཧ་ཧ་ཧ་ཧ་ཧེ་ཧེ་ཧཾ་ཧཿཕཊ་མ་མ་ཤཱནྟིཾ་ཀུ་རུ་སྭཱཧཱ། ཨོཾ་ཨཱཿརལླི་ཧཾ་ཞེས་པ་ལ་སོགས་པ་བརྗོད་པར་བྱའོ། ། དེ་ནས་རབ་ཏུ་བཤད་བྱ་བ། ། ཕྱག་གཉིས་རལ་གཅིག་སྒྲུབ་པའི་ཐབས། ། རལ་གཅིག་ཁམ་པ་གྱེན་བརྫེས་པའི། ། ལྷ་མོ་གྲི་གུག་ཐོད་པ་བསྣམས། ། དེ་བཞིན་ལྷ་མོ་ཕྱག་བཞི་མ། ། རྟོག་པར་ཡང་ནི་བདག་གིས་བཤད། ། མདའ་དང་རལ་གྲི་གཡས་ན་བསྣམས། ། གཡོན་ན་གཞུ་དང་ཐོད་པ་སྟེ། ། དེ་བཞིན་དུ་ནི་ཕྱག་བརྒྱད་ཀྱང་། ། རིམ་གྱུར་བདག་གིས་བཤད་པར་བྱ། ། གཡས་ན་རལ་གྲི་མདའ་དང་ནི། ། རྡོ་རྗེ་གྲི་གུག་དེ་བཞིན་དུ། ། གཡོན་ན་ཨུཏྤལ་གཞུ་དང་ནི། ། སྟ་གྲི་དང་ནི་ཐོད་པ་བསྣམས། ། སྐུ་མདོག་ནག་མོ་དང་ལྡན་མ། ། སྟག་ལྤགས་ཤམ་ཐབས་ཀུན་ནས་མནབས། ། ཞལ་གཅིག་སྤྱན་ནི་གསུམ་པ་སྟེ། ། རལ་པ་ཁམ་པ་གྱེན་དུ་བརྫེས། ། དྲག་མོ་ཀུན་ནས་ལྟོ་བ་འཕྱང་། ། གཡོན་བརྐྱང་ཞབས་ཀྱིས་ཡང་དག་གནས། ། ཁྲོ་བ་དང་བཅས་ཞལ་གཙིགས་ཤིང་། ། མགོ་བོའི་ཕྲེང་བ་འཕྱང་བ་ཅན། ། རོ་ལ་གནས་ཤིང་འཇིགས་ཆེན་མོ། ། མི་བསྐྱོད་པ་ཡིས་དབུ་ལ་བརྒྱན། ། ལང་ཚོ་གཞོན་ཞིང་ཕུན་སུམ་ཚོགས། ། མི་བཟད་གད་རྒྱངས་འཕྲོ་བ་ཅན། ། ཊཱཾ་ཡིག་ས་བོན་ལས་བྱུང་བ། ། དེ་མ་ཐག་རྐྱེན་བྱེད་པ་ཅན། ། སྣ་ཚོགས་པདྨའི་སྟེང་དུ་ནི། ། རབ་ཏུ་འབད་པས་ཉི་མ་བསམ། ། ཧྲཱིཾ་ཏྲཱིཾ་ཧཱུཾ་ཕཊ། མཁས་པས་རལ་གྲིའི་གནས་སུ་ནི། །
In the language of India: Ekajaṭīsādhanam. In the language of Tibet: Ral pa gcig ma’i sgrub thabs (The Sādhana of Ekajaṭī). Homage to the Noble Lady Ekajaṭī! OṂ ĀḤ HŪṂ OṂ VAJRAYOGINĪ PRATĪCCHA MAṂ BALIṂ HRĪṂ HŪṂ HA HA HA HA HE HE HAṂ HAḤ PHAṬ MAMA ŚĀNTIṂ KURU SVĀHĀ. One should recite "OṂ ĀḤ RALLI HAṂ" and so forth. Next, I shall explain the sādhana of the two-armed Ekajaṭī. The goddess with a single lock of brown hair tied upward, holding a curved knife and a skull-cup. Likewise, I shall also explain the four-armed goddess in the ritual manual. She holds an arrow and a sword in her right hands, and a bow and a skull-cup in her left. Likewise, I shall explain the eight-armed form in its proper sequence. In her right hands she holds a sword, an arrow, and a vajra-curved knife; in her left hands she holds an utpala flower, a bow, a small axe, and a skull-cup. She is endowed with a black body color and wears a tiger-skin lower garment. She has one face and three eyes, with brown hair tied upward. The fierce goddess has a protruding belly and stands with her left leg extended. With a wrathful expression and bared fangs, she wears a garland of heads hanging down. Residing upon a corpse, she is a great source of terror, her head adorned with Akṣobhya. Youthful and perfect in form, she emits a formidable roar. Arising from the seed-syllable ṬĀṂ, acting as the immediately preceding condition, one should diligently visualize a sun disk upon a multicolored lotus. HRĪṂ TRĪṂ HŪṂ PHAṬ. The wise one, in the place of the sword...