༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་ཨེ་ཀ་ཛཱ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་རལ་གཅིག་མའི་སྒྲུབ་ཐབས། འཕགས་མ་རལ་གཅིག་མ་ལ་ཕྱག་འཚལ་ལོ། ། དང་པོ་རེ་ཞིག་སྔགས་པས་ཡིད་དང་མཐུན་པའི་བསམ་གཏན་གྱི་ཁང་པར་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། བླ་མ་དང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། ཤིན་ཏུ་བརྟན་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། ཨོཾ་ཞེས་པའི་ཡི་གེ་བརྗོད་ནས། ཆོས་ཐམས་ཅད་སྟོང་པ་ཉིད་མངོན་དུ་བྱས་ཏེ། སླར་ཡང་ཨཾ་ཡིག་བརྗོད་པ་དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་བསྒོམ་པར་བྱའོ། ། དེའི་དབུས་སུ་ཊྭཱཾ་ཡིག་ལས་སྐྱེས་པའི་པདྨའི་སྣོད་དུ་ཆུ་ཤེལ་གྱི་འོད་དང་མཚུངས་པ། དེའི་དབུས་སུ་འོད་ཟེར་འཕྲོ་བས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སྣང་བར་མཛད་པ་ཨིནྡྲ་ནཱི་ལའི་འོད་དང་ལྡན་པའི་ཧཱུཾ་ཡིག་རྣམ་པར་བསམ་པར་བྱའོ། ། དེ་ཡོངས་སུ་གྱུར་པ་ལས། རིན་ཆེན་ཨིནྡྲ་ནཱི་ལ་ཡི། ། འོད་ལྡན་འགྲོ་བ་གསུམ་པོ་ཁྱབ། ། ཕྱག་བཞི་འཇིགས་པ་ཆེན་མོ་སྟེ། ། དམར་ཞིང་འཇིགས་པའི་སྤྱན་གསུམ་མ། ། སྟག་གི་པགས་པའི་ན་བཟའ་མནབས། ། པདྨའི་སྣོད་ཀྱིས་རབ་བརྒྱན་མ། ། རུས་པའི་དོ་ཤལ་གྱིས་བརྒྱན་ཅིང་། ། གཏུམ་མོ་ཡི་ནི་གཟུགས་ཅན་མ། ། ལོ་བརྒྱད་གཉིས་ཀྱི་རྣམ་པ་ཅན། ། དཀར་འཛིན་མཐོ་ཞིང་མཁྲེགས་པ་སྟེ། ། ཀུན་ནས་ཁམ་པའི་རལ་པ་ཅན། ། སྦྲུལ་ནག་རྒྱན་གྱིས་རྣམ་པར་བརྒྱན། ། ཞལ་ནི་ཅུང་ཟད་མཆེ་བ་གཙིགས། ། ལྗགས་བསྒྲིལ་འཇིགས་པར་བྱེད་པ་སྟེ། །
In the language of India: Ārya-ekajaṭī-sādhana. In the language of Tibet: ’Phags ma ral gcig ma’i sgrub thabs (The Sādhana of the Noble One with a Single Braid). Homage to the Noble One with a Single Braid. First, the practitioner should sit upon a comfortable seat in a meditation cell that is conducive to the mind. Having made perfect offerings—both external and internal—to the Guru, the Buddhas, and the Bodhisattvas, and having performed the taking of refuge in the Three Jewels, the confession of misdeeds, and so forth, one should generate the extremely stable bodhicitta. Then, by uttering the syllable OṂ, one should manifest the emptiness of all phenomena. Furthermore, by uttering the syllable AṂ, one should meditate on a multicolored lotus arising from its total transformation. In the center of that, within a lotus vessel born from the syllable ṬVĀṂ, one should visualize the syllable HŪṂ, which is like the light of crystal, and in its center, the light rays of which illuminate infinite world systems, possessing the luster of sapphire. From its total transformation: Possessing the light of precious sapphire, pervading the three realms of existence, She has four arms and is the Great Terrifier; Red in color, with three terrifying eyes, She wears a garment of tiger skin, And is beautifully adorned with a lotus vessel. Adorned with bone ornaments, she has the form of a fierce woman, Appearing in the likeness of a sixteen-year-old. Her breasts are high and firm; Her hair is a single braid, tawny in color, Completely adorned with black snake ornaments. Her face slightly bares its fangs, And her curled tongue is terrifying.