༄༅༅། ། རྒྱ་གར་སྐད་དུ། ཨེ་ཀ་ཛཱ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། རལ་པ་གཅིག་མའི་སྒྲུབ་ཐབས། རལ་པ་གཅིག་མ་ལ་ཕྱག་འཚལ་ལོ། ། སྒྲོལ་མ་བདུད་རྣམས་སྐྲག་མཛད་ལྷ་མཆོག་རྣམས་ཀྱིས་ཀུན་ཏུ་ཡང་དག་མཆོད། ། འཇིག་རྟེན་རྣམས་ཀྱི་ཕན་མཛད་སྙིང་རྗེ་མཚུངས་ལྡན་རྣམ་པ་མང་པོ་ཡིས། ། སྐྱེ་བོ་འཁོར་བའི་འཇིགས་ལས་སྐྱོབ་མཛད་གུས་བཏུད་འགྲོ་རྣམས་སྣང་མཛད་མ། ། རྟག་ཏུ་འཇིགས་པ་སེལ་མཛད་གང་རྣམས་སྲུང་མཛད་ཡུམ་དེ་རྒྱལ་གྱུར་ཅིག། རལ་པ་གཅིག་མ་ལས་བྱུང་མ། ། དེ་མ་ཐག་ཏུ་འགྲུབ་འགྱུར་ཏེ། ། དེ་ཤེས་པས་ཀྱང་ད་ལྟར་དུ། ། དེ་ཡིས་ལས་ཀུན་རབ་སྒྲུབ་བྱེད། ། ཨོཾ་ཞེས་ཡི་གེ་བརྗོད་པ་ཡིས། ། རྟག་ཏུ་སྟོང་པ་ཉིད་དུ་བྱ། ། དེ་བཞིན་ཡི་གེ་བརྗོད་པ་ཡིས། ། སྣ་ཚོགས་པདྨ་བསྒོམ་པར་བྱ། ། སྣ་ཚོགས་པདྨའི་དབུས་སུ་ནི། ། ཏཱཾ་ཡིག་ཅེས་པ་བསྒོམ་པར་བྱ། ། བསྒོམ་བྱ་ཐོད་པ་དཀར་པོ་ལ། ། ཧཱུཾ་ཡིག་དེ་ཡི་དབུས་སུ་སྟེ། ། དེ་ནི་གྲོལ་ཞིང་སྔོན་པོ་ལ། ། འོད་ཟེར་སྔོན་པོར་མཚུངས་པར་ལྡན། ། དེ་ཡི་ཡོངས་གྱུར་སྦྱོར་བ་ཡིས། ། བདག་གི་སེམས་ཀྱི་རང་བཞིན་ཏེ། ། བསྒོམ་བྱ་དེ་ཡི་སྐད་ཅིག་ལས། ། ལྷ་མོ་མིག་སྨན་འོད་མཚུངས་གནག། ཕྱག་བཞི་སྤྱན་ནི་གསུམ་པ་སྟེ། དམར་ཞིང་ཤིན་ཏུ་འཇིགས་པའི་སྤྱན། ། སྟག་གི་པགས་པ་ཡོངས་སུ་བགོས། ། ཐོད་པའི་རྒྱན་ནི་ཤིན་ཏུ་འབར། ། མུ་ཏིག་དོ་ཤལ་དེ་བཞིན་དུ། ། མཛེས་པ་ཡིས་ནི་རྣམ་པར་བརྒྱན། ། བརྒྱད་གཉིས་ལོ་ཡི་རྣམ་པ་ཅན། ། དཀར་འཛིན་མཁྲེགས་ཤིང་མཐོ་བ་ཅན། ། རལ་པ་གཅིག་ཏུ་ཁམ་བརྫེས་(ཤང་,ཤིང་)། ། ལྷ་མོ་ལྟོ་འཕྱང་ཤིན་ཏུ་མཛེས། །
In the language of India: Ekajaṭīsādhanam. In the language of Tibet: Ral pa gcig ma’i sgrub thabs (The Sādhana of Ekajaṭī). Homage to Ekajaṭī! Tārā, who terrifies the māras and is perfectly worshipped by the supreme deities; who benefits the worlds and is endowed with compassion in many ways; who protects beings from the fears of saṃsāra and illuminates those who bow with devotion—may that Mother, who constantly dispels fear and guards all, be victorious! The one arisen from Ekajaṭī is accomplished immediately. By knowing her, even now, one will thoroughly accomplish all activities. By uttering the syllable OṂ, one should always [contemplate] emptiness. Likewise, by uttering the syllable [TĀṂ], one should meditate on a variegated lotus. In the center of the variegated lotus, one should meditate on the syllable TĀṂ. The object of meditation is a white skull-cup, in the center of which is the syllable HŪṂ. That is liberated and blue, endowed with blue light rays. Through the transformation of that, the nature of my own mind, in an instant, the goddess is meditated upon—black, with a luster like collyrium. She has four arms and three eyes, with eyes that are red and extremely terrifying. She is completely draped in a tiger skin, and her skull ornaments blaze intensely. Likewise, she is beautifully adorned with a pearl necklace. She has the appearance of a sixteen-year-old, with firm and high breasts. Her single lock of hair is tawny and tied up, and the goddess is exquisitely beautiful with a protruding belly.