༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་ཛཱཾ་གུ་ལཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་ཛཱཾ་གུ་ལཱིའི་སྒྲུབ་ཐབས། འཕགས་མ་དུག་སེལ་མ་ལ་ཕྱག་འཚལ་ལོ། ། སེམས་ཅན་རྣམས་ལ་བརྩེ་བ་ཅན། ། འཕགས་མ་དུག་སེལ་གཟུགས་ཅན་མ། ། བཅོམ་ལྡན་སྒྲོལ་མ་ལ་བཏུད་ནས། ། དེ་ཡི་སྒྲུབ་ཐབས་བྲི་བར་བྱ། ། དང་པོ་རེ་ཞིག་སྔགས་པས་གཙང་ཞིང་ཁྲུས་བྱས་ནས། ཕྲེང་བ་དང་གོས་དཀར་པོ་བཟུང་སྟེ། སྐྱེ་བོས་དབེན་པའི་ས་ཕྱོགས་ལེགས་པར་བྱུགས་ཤིང་དྲི་བཟང་དཀར་པོའི་ཆུས་ཆག་ཆག་བཏབ་ནས་མེ་ཏོག་དཀར་པོ་གཅལ་དུ་བཀྲམ་སྟེ། སྟན་བདེ་བ་ལ་ཉེ་བར་འདུག་ནས་འགྲོ་བ་རྣམས་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་རྣམས་རྣམ་པར་བསྒོམ་པར་བྱའོ། ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བརྗོད་པར་བྱའོ། ། དེ་ནས་གཟུང་བ་དང་འཛིན་པ་དང་བྲལ་བར་བལྟའོ། ། དེ་ནས་པཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ་རྣམ་པར་བསམ་པར་བྱའོ། ། དེའི་ཟེའུ་འབྲུ་ལ་ཨ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བལྟས་ནས། དེའི་སྟེང་དུ་ཧྲཱིཿཡིག་ཁ་དོག་དཀར་པོ་ལས་སྐྱེས་པའི་བདག་ཉིད་འཕགས་མ་དུག་སེལ་མ་སྐུ་མདོག་ཐམས་ཅད་དཀར་མོ་ཕྱག་བཞི་པ། ཞལ་གཅིག་པ། རལ་པའི་ཅོད་པན་ཅན། དཀར་མོ་གོས་དཀར་པོས་སྟོད་གཡོགས་བྱས་པ། རིན་པོ་ཆེའི་རྒྱན་དཀར་པོས་བརྒྱན་པ། སྦྲུལ་དཀར་པོས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རྩ་བའི་ཕྱག་དག་གིས་པི་ཝང་བསྒྲེང་བར་མཛད་པ། གཡོན་གྱི་གཉིས་པས་སྦྲུལ་དཀར་པོ་བསྣམས་པ། གཡས་ཀྱི་གཉིས་པས་མི་འཇིགས་པ་རབ་ཏུ་སྦྱིན་པ།
In the language of India: Ārya-jāṅgulī-sādhana. In the language of Tibet: ’Phags ma dzāṅ gū lī’i sgrub thabs (The Sādhana of the Noble Jāṅgulī). Homage to the Noble Lady who Eliminates Poison. Having bowed to the Blessed Tārā, who possesses compassion for sentient beings and who takes the form of the Noble Lady who Eliminates Poison, I shall write her sādhana. First, the mantra practitioner, having purified themselves and bathed, should take up a rosary and white garments. In a place secluded from people, having well-smeared the ground and sprinkled it with water scented with white fragrances, and having strewn white flowers as a carpet, one should sit upon a comfortable seat and meditate upon love, compassion, joy, and equanimity for all beings. One should recite: oṃ svabhāvaśuddhāḥ sarvadharmāḥ svabhāvaśuddho ’haṃ. Then, one should view [all things] as being free from subject and object. Then, from the total transformation of the syllable paṃ, one should visualize an eight-petaled white lotus. Upon its pericarp, from the total transformation of a white syllable a, one should visualize a moon maṇḍala. Above that, from a white syllable hrīḥ, one arises as the Noble Lady who Eliminates Poison, her entire body white, with four arms and one face, wearing a crown of matted hair, draped in white garments, adorned with white jewel ornaments and white snakes, and seated in the bodhisattva posture. With her two primary hands, she holds a lute; with her second left hand, she holds a white snake; and with her second right hand, she bestows fearlessness.