༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་ཛཱཾ་གུ་ལྱཱ་བྷ་ག་བ་ཏྱཱཿཀལྤ། བོད་སྐད་དུ། བཅོམ་ལྡན་འདས་འཕགས་མ་དུག་སེལ་བའི་རྟོག་པ། འཕགས་མ་དུག་སེལ་མ་ལ་ཕྱག་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་མའི་ཐུགས་ཀྱི་རྟོག་པ་བདག་གིས་བཤད་པར་བགྱིའོ། ། ཨོཾ་ཨ་སི་ཤུ་ལ་ཛི་ཧྭེ་ཛི་ཧྭེ་བཛྲ་ཀཱ་ཡཻ་གྲ་ས་གྲ་ས་ཛྭ་ལ་ཛྭ་ལ་མ་ཧཱ་ཛྭ་ལེ་མ་ཧཱ་ཡོ་གེ་ཤྭ་རི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྟོང་ཕྲག་བཅུ་བཟླས་པས་དུག་གི་ལས་ཐམས་ཅད་ཞི་བར་ནུས་པར་འགྱུར་རོ། ། བཟླས་པ་ཡང་ཆོ་ག་འདིས་བྱའོ། ། དུས་གསུམ་དུ་ཁྲུས་བྱས་ནས་ཆང་དང་། ཉ་དང་། སྒོག་པ་དང་། བཙོང་དང་། མར་ནག་དང་། ཚྭ་རྣམས་རྣམ་པར་སྤངས་ཏེ་དུས་གསུམ་དུ་བཟླས་པར་བྱའོ། ། ཇི་སྲིད་སྟོང་ཕྲག་བཅུའི་བར་དུའོ། ། དེ་ནས་དངོས་གྲུབ་ཏུ་འགྱུར་རོ། ། ཕྱི་ནས་འདི་རྣམ་པར་བཀོད་ནས་ལས་རྣམས་བྱའོ། ། དང་པོ་རེ་ཞིག་སྔགས་པས་བདག་ཉིད་འདི་ལྟར་བསམ་པར་བྱ་སྟེ། གཞོན་ནུ་མའི་རྣམ་པ་སྐུ་མདོག་ལྗང་གུ། གདེངས་ཀ་བདུན་གྱིས་དབུ་ལ་རྣམ་པར་བརྒྱན་པ། ཕྱག་བཞི་པ། ཞལ་གཅིག་པ། ཕྱག་དང་པོ་ན་རྩེ་གསུམ། གཉིས་པ་ན་རྨ་བྱའི་མཇུག་སྒྲོ། གསུམ་པ་ན་སྦྲུལ། བཞི་པ་ན་མི་འཇིགས་པ་རབ་ཏུ་བརྐྱང་པ། ཡན་ལག་ཐམས་ཅད་ལ་ཞབས་གདུབ་དང་། སྐ་རགས་དང་། དོ་ཤལ་དང་། རྣ་རྒྱན་ལ་སོགས་པ་སྦྲུལ་གྱི་རྣམ་པར་བསམ་པར་བྱའོ། ། བ་སྤུའི་ཁུང་བུ་རེ་རེ་ནས་མེ་འབར་ཞིང་ཀུན་ནས་འབྱུང་བ་དང་ལྡན་པ་རྣམ་པར་བསམ་པར་བྱའོ། ། དེ་བཞིན་དུ་བདག་ཉིད་བརྟག་པར་བྱའོ། །
In the language of India: Ārya-jāṅgulī-bhagavatī-kalpa. In the language of Tibet: bCom ldan ’das ’phags ma dug sel ba’i rtog pa (The Ritual Manual of the Blessed Noble Lady Jāṅgulī, the Poison-Remover). Homage to the Noble Lady Jāṅgulī! Then, I shall explain the ritual manual of the Blessed Lady’s heart. OṂ ASIŚŪLA JIHVE JIHVE VAJRAKĀYE GRASA GRASA JVALA JVALA MAHĀJVALE MAHĀYOGĪŚVARĪ HŪṂ HŪṂ PHAṬ PHAṬ SVĀHĀ. By reciting this ten thousand times, one will be able to pacify all activities of poison. The recitation should also be performed according to this ritual. Having bathed at the three times of day, and having completely abandoned alcohol, fish, garlic, onions, black oil, and salt, one should recite at the three times of day for as long as ten thousand repetitions. Then, the siddhi will be attained. Afterwards, having arranged these, the activities should be performed. First, the mantra practitioner should visualize themselves in this way: in the form of a young maiden, green in color, her head adorned with seven hoods, four-armed, and one-faced. In her first hand is a trident; in the second, a peacock feather; in the third, a snake; and in the fourth, she extends the gesture of fearlessness. On all her limbs, one should visualize anklets, a belt, necklaces, earrings, and so forth, in the form of snakes. One should visualize fire blazing and emerging from every single pore of her body. In that same way, one should examine oneself.