༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་ཛཱཾ་གུ་ལཱི་མ་ཧཱ་བིདྱཱ། བོད་སྐད་དུ། འཕགས་མ་དུག་སེལ་མའི་རིག་སྔགས་ཆེན་མོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་། ཡང་དཔག་ཏུ་མེད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་དང་ཐབས་ཅིག་གོ། ། དེ་ཉིད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་པ་ན་ང་བྱང་ཆུབ་སེམས་དཔར་གྱུར་ཏེ་སྤྱད་པ་སྤྱོད་པ་ན། རི་བོ་གངས་ལྡན་བྱང་ཕྱོགས་ལོགས། ། སྤོས་ངད་ལྡང་བའི་རི་བོ་སྟེ། ། རི་རྒྱལ་དེ་ཡི་ཤར་ཕྱོགས་ན། ། གཞོན་ནུ་བསོད་ནམས་བརྒྱ་ཡིས་མཚན། ། ཨེ་ན་ཡ་ཡི་པགས་པའི་གོས། ། སྦྲུལ་གྱིས་བརྒྱན་ཅིང་སྐེ་རགས་བྱས། ། སྦྲུལ་དུག་རེག་པའི་དུག་ཅན་དང་། ། མཐོང་དུག་ཅན་གྱིས་རྣ་རྒྱན་བྱས། ། དུག་གི་མེ་ཏོག་ཟས་སུ་ཟ། ། དུག་གི་ཁྲག་ནི་འཐུང་བར་བྱེད། ། དེ་ཡི་བདག་ལ་བོས་བྱས་ཏེ། ། བུ་ཁྱོད་ཚུར་ཤོག་བདག་ལ་ཉོན། ། དུག་སེལ་མ་ཞེས་བྱ་བ་ཡི། ། རིག་སྔགས་མཆོག་གིས་དུག་འཇོམས་མ། ། གང་ཞིག་བདག་མིང་ཙམ་གྱིས་ཀྱང་། ། དེ་ཡི་དུག་རྣམས་ཐམས་ཅད་འཇོམས། ། ཏདྱ་ཐཱ།
In the language of India: Ārya-jāṅgulī-mahāvidyā. In the language of Tibet: ’Phags ma dug sel ma’i rig sngags chen mo (The Noble Great Vidyā-mantra of the Poison-Remover). Homage to all buddhas and bodhisattvas! Thus have I heard at one time: The Blessed One was dwelling in Śrāvastī, in the Jeta Grove, the park of Anāthapiṇḍada, together with a great saṅgha of twelve hundred and fifty monks, and with a vast multitude of bodhisattva mahāsattvas, as well as immeasurable gods, nāgas, yakṣas, gandharvas, asuras, garuḍas, kinnaras, mahoragas, humans, and non-humans. At that time, the Blessed One addressed the monks: "Monks, in the past, when I was practicing the conduct of a bodhisattva, on the northern side of the Snowy Mountains, on the mountain Gandhamādana, to the east of that king of mountains, there was a youth marked by a hundred merits. He wore a garment of eneya antelope skin, adorned with snakes and with a girdle made of snakes. He wore earrings made of snakes with contact-poison and snakes with sight-poison. He ate poisonous flowers as food and drank poisonous blood. He called out to me, saying: 'Son, come here and listen to me! There is a supreme vidyā-mantra called the Poison-Remover (Jāṅgulī) which overcomes all poisons. By the mere mention of my name, all poisons will be destroyed.' Tadyathā..."