༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་ཛཱཾ་གུ་ལཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་དུག་སེལ་མའི་སྒྲུབ་ཐབས། འཕགས་མ་དུག་སེལ་མ་ལ་ཕྱག་འཚལ་ལོ། ། སྔོན་དུ་གསུངས་པའི་ཆོ་གས་སྟོང་པ་ཉིད་དུ་བསྒོམས་པའི་རྗེས་ལ་ཆུ་སྐྱེས་དམར་པོ་དང་། ཟླ་བ་ལ་ཛཱཾ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་འཕགས་མ་དུག་སེལ་མའི་བདག་ཉིད་དུ་སྐད་ཅིག་གིས་བསྐྱེད་པར་བྱ་སྟེ། སྐུ་མདོག་སེར་མོ་ཞལ་གསུམ་མ། ཕྱག་དྲུག་པ། སྔོན་པོ་དང་། དཀར་པོ་ནི་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ལོ། ། རལ་གྲི་དང་། རྡོ་རྗེ་དང་། མདའ་རྣམས་ནི་གཡས་ཀྱི་ཕྱག་གསུམ་ནའོ། ། སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། དུག་གི་མེ་ཏོག་དང་། གཞུ་བཀང་བ་ཕྱག་གཡོན་པ་གསུམ་ནའོ། ། གདེངས་ཀ་རྒྱས་པའི་དཀྱིལ་འཁོར་གྱི་དབུས་ལ་གནས་པ། སྦྲུལ་དང་མཛེས་པའི་གོས་དང་། རྒྱན་གྱིས་བརྒྱན་པ། གཞོན་ནུ་མའི་མཚན་ཉིད་འབར་བ། མི་བསྐྱོད་པས་དབུ་བརྒྱན་པར་བསྒོམས་ནས་སྔགས་བཟླས་པར་བྱའོ། ཨོཾ་ཛཱཾ་གུ་ལཱི་སརྦ་བི་ཥ་པྲ་ཤ་མ་ནི་ཕུཿསྭཱ་ཧཱ། འཕགས་མ་དུག་སེལ་མའི་སྒྲུབ་ཐབས་རྫོགས་སོ། །
In the language of India: Ārya-jāṅgulī-sādhana. In the language of Tibet: ’Phags ma dug sel ma’i sgrub thabs (The Sādhana of the Noble Lady Jāṅgulī). Homage to the Noble Lady Jāṅgulī! Following the previously described ritual, after meditating on emptiness, one should instantaneously generate oneself as the Noble Lady Jāṅgulī from the total transformation of a yellow syllable JĀṂ upon a red lotus and a moon. She is yellow in color and has three faces and six arms. Her right and left faces are blue and white, respectively. In her three right hands, she holds a sword, a vajra, and an arrow. In her three left hands, she holds a noose with the threatening gesture, a poisonous flower, and a drawn bow. She dwells in the center of a maṇḍala of expanded hoods, adorned with snakes, beautiful garments, and ornaments. Blazing with the characteristics of a young maiden and crowned by Akṣobhya, one should meditate and then recite the mantra: OṂ JĀṂGULĪ SARVA VIṢA PRAŚAMANĪ PHUḤ SVĀHĀ. The Sādhana of the Noble Lady Jāṅgulī is complete.