༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་ཛཱཾ་གུ་ལཱི་དྷཱ་ར་ཎི། བོད་སྐད་དུ། འཕགས་མ་དུག་སེལ་མའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། ཨོཾ་ཨི་ལི་མིཏྟེ་ཏི་ལི་མིཏྟེ་ཨི་ལི་ཏི་ལི་མིཏྟེ་དུམྦེ་དུམྦཱ་ལ་ཡེ་དུ་སེ་དུ་སཱ་ལཱི་ཡེ་ཏརྐ་ར་ཎེ་མརྨྨེ་མརྨཱ་རོ་ཎ་ཀསྨཱི་རེ་ཀསྨཱི་ར་མུགྟེ་ཨགྷེ་ཨ་གྷ་ཎེ་ཨ་གྷ་ཎེ་ཨཱི་ལི་ཨཱི་ལི་ཨེ་མི་ལཱི་ཨེ་མི་ལཱི་མི་ལེ་ཨེ་ཨཀྵཱ་ཨེ་ཨཀྵཱ་ཨི་ཨེ་ཤྭེ་ཏེ་ཤྭེ་ཏ་ཏུཎྜེ་ཨ་ནུཏྟ་རཀྵེ་སྭཱ་ཧཱ། འདིར་བདག་གིས་རིག་སྔགས་ཀུན་ཏུ་དཀར་བ་དགེ་སློང་རྣམས་ལ་ལེགས་པར་ཕུལ་བའི་རིག་པ་འདི་ལན་ཅིག་མཉན་པས་དེ་ལ་ལོ་བདུན་དུ་སྦྲུལ་གྱིས་འཛིན་པར་མི་འགྱུར་རོ། ། དེའི་ལུས་ལ་དུག་གིས་གོས་པར་མི་འགྱུར་རོ། ། དགེ་སློང་རྣམས་ཀྱིས་རིག་པ་འདི་བཟུང་བར་གྱུར་ན། དེ་ཇི་སྲིད་འཚོའི་བར་དུ་སྦྲུལ་གྱིས་འཛིན་པར་མི་འགྱུར་རོ། ། དེའི་ལུས་ལ་ཡང་དུག་གིས་གོས་པར་མི་འགྱུར་རོ། ། གལ་ཏེ་སྦྲུལ་གྱིས་བཟུང་ན་དེའི་མགོ་ཨ་རྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་པར་འགྱུར་རོ། ། འཕགས་མ་དུག་སེལ་མའི་གཟུངས་རྫོགས་སོ། །
In the language of India: Ārya-jāṅgulī-dhāraṇī. In the language of Tibet: ’Phags ma dug sel ma’i gzungs (The Dhāraṇī of the Noble Lady who Dispels Poison). Homage to all buddhas and bodhisattvas! Oṃ ili-mittre tili-mittre ili-tili-mittre dumbhe dumbhālaye duse dusāliyē tarkaraṇe marme marmaroṇakasmi-re kasmi-ra-mugte aghe aghaṇe aghaṇe īli īli emilī emilī mile e akṣā e akṣā i e śvetē śveta-tuṇḍe anuttarakṣe svāhā! If one hears this knowledge-mantra, which is entirely white and was well-offered to the monks, only once, one will not be seized by snakes for seven years. One’s body will not be stained by poison. If monks should hold this knowledge-mantra, they will not be seized by snakes for as long as they live. Their bodies will also not be stained by poison. If they are seized by a snake, its head will split into seven pieces like the cluster of an arjaka flower. The Dhāraṇī of the Noble Lady who Dispels Poison is complete.