༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་ཛཱཾ་གུ་ལཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་དུག་སེལ་མའི་སྒྲུབ་ཐབས། འཕགས་མ་ཛཱཾ་གུ་ལཱི་ལ་ཕྱག་འཚལ་ལོ། ། སྔོན་གསུངས་ཆོ་གས་རང་ཉིད་ཀྱི། ། སྙིང་གར་དཀྱིལ་འཁོར་དམར་པོ་ལ། ། ཛཱཾ་ཡིག་ལས་ནི་ཡེ་ཤེས་རྫོགས། ། རིག་མ་དུག་སེལ་མ་ཞེས་བྱ། ། སེར་མོ་སྦྲུལ་གྱི་གདེངས་ཀ་བདུན། ། འབར་ཞིང་གཡོ་བའི་ནོར་བུས་བརྒྱན། ། ཞལ་གསུམ་དང་ནི་སྤྱན་གསུམ་མ། ། གཞོན་ནུ་མ་ཡི་མཚན་ཉིད་འབར། ། ཁྲོ་བ་དང་བཅས་དེ་བཞིན་དུ། ། སྦྲུལ་གྱི་སྐེ་རགས་ཀྱིས་བརྒྱན་མ། ། ཕྱག་དྲུག་རོལ་པའི་སྟབས་ཀྱིས་བཞུགས། ། མི་བསྐྱོད་པ་ནི་དབུ་ལ་བཞུགས། ། ཕྱག་གཡས་ན་ནི་རྡོ་རྗེ་སྟེ། ། གཉིས་པ་དག་ན་རལ་གྲི་འཕྱར། ། གསུམ་པ་གར་གྱི་ཚུལ་དང་ནི། ། བདུད་རྣམས་སྐྲག་མཛད་མདའ་བསྣམས་སོ། ། གཡོན་ན་སྡིགས་མཛུབ་ཞགས་པ་དང་། ། གཉིས་པ་དུག་གི་མེ་ཏོག་བསྣམས། ། གསུམ་པའི་ཕྱག་ན་གཞུ་བསྣམས་ཤིང་། ། མེ་ཏོག་གིས་བརྒྱན་སྐེ་རགས་ཏེ། ། པདྨའི་གདན་གནས་གསེར་གྱི་མདོག། འོད་ཟེར་དམར་པོའི་དཀྱིལ་འཁོར་ལ། ། དབང་པོའི་མཚོན་ཆ་སྤྲོ་ཞིང་སྦྲུལ། ། འབར་བས་ཡོངས་བསྐོར་འོད་ཀྱིས་གཡོགས། ། སངས་རྒྱས་སྐུ་ཚོགས་འཕྲོ་བ་ཡི། ། ཟླ་བུམ་ཉིད་ཀྱི་ཕྱག་རྒྱ་བསྣམས། ། དུག་གི་རྒྱལ་ལ་དབང་བསྐུར་ཞིང་། ། ཛཱཾ་ཡིག་གིས་ནི་ཁ་བརྒྱན་པ། ། དུག་གིས་འགྱེལ་ལ་སྐུ་གསུམ་གྱི། ། དུག་སེལ་མ་ནི་རྟག་ཏུ་བསྒོམ། ། དེ་བཞིན་འདི་ནི་སྒོམ་བྱེད་ན། ། རིང་པོར་མི་ཐོགས་བྱང་ཆུབ་འཐོབ། ། ལག་པ་གཉིས་སྦྲུལ་གྱི་གདེངས་ཀའི་རྣམ་པ་ལྟར་བྱས་ནས།
In the language of India: Ārya-jāṅgulī-sādhana. In the language of Tibet: ’Phags ma dug sel ma’i sgrub thabs (The Sādhana of the Noble Lady Jāṅgulī). Homage to the Noble Lady Jāṅgulī! According to the previously taught ritual, in the center of one’s own heart, upon a red maṇḍala, from the syllable JĀṂ, the wisdom [deity] is perfected. She is known as the Vidyā Jāṅgulī, the Poison-Remover. She is yellow, with seven hoods of snakes, adorned with blazing and swaying jewels. She has three faces and three eyes, and blazes with the characteristics of a youthful maiden. She is wrathful and likewise adorned with a snake-belt. She has six arms and stands in a playful posture. Akṣobhya resides upon her crown. In her right hands, she holds a vajra and, in the second, she brandishes a sword. In the third, in a dancing gesture, she holds an arrow that terrifies the māras. In her left hands, she holds a threatening mudrā and a noose; in the second, she holds a poisonous flower; and in the third, she holds a bow. She is adorned with flowers and a snake-belt, seated upon a lotus throne, golden in color, within a maṇḍala of red light rays. She emanates the weapons of Indra and is surrounded by blazing, encircling light. She radiates a multitude of Buddha bodies and holds the mudrā of the moon and vase. She is empowered over the king of poisons and her mouth is adorned with the syllable JĀṂ. One should constantly meditate on Jāṅgulī, the Poison-Remover, who [protects] those fallen by poison. If one meditates in this way, enlightenment will be attained before long. Having formed the two hands in the shape of a snake’s hood...