༄༅༅། ། རྒྱ་གར་སྐད་དུ། མྲྀ་ཏྱུ་བཉྩ་ནོ་པ་དེ་ཤ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། འཆི་བ་སླུ་བའི་མན་ངག་གི་སྒྲོལ་མའི་སྒྲུབ་ཐབས། ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ། ཡིད་དུ་འོང་བའི་ས་ཕྱོགས་སུ། ། ལངས་ནས་སྔ་དྲོའི་ཐུན་ལའོ། ། བདེ་བའི་སྟན་ལ་རབ་འདུག་སྟེ། ། རང་གི་སྙིང་གར་ཟླ་བ་ལ། ། ལྔ་པ་ཡི་ནི་དང་པོ་ལ། ། དབྱངས་ཡིག་གཉིས་པ་རབ་ཏུ་སྦྱར། ། ཟླ་ཕྱེད་ཐིག་ལེ་ཡང་དག་ལྡན། ། འོད་ཟེར་དཀར་པོས་རྣམ་པར་བརྒྱན། ། དེ་ཡི་འོད་ཟེར་དཀར་པོ་ཡིས། ། མཁའ་ལ་སྒྲོལ་མ་གདན་དྲངས་ཏེ། ། ཕྱག་གཉིས་སྐུ་མདོག་དཀར་མོ་ལ། ། མཆོག་སྦྱིན་དང་ནི་ཨུཏྤལ་བསྣམས། ། ཉེར་སྤྱོད་ལྔ་ཡི་མཆོད་པ་ཡི། ། གུས་པ་ཡིས་ནི་མཆོད་བྱས་ནས། ། སྡིག་པ་བཤགས་ཤིང་ཕྱི་ནས་ནི། ། དེ་ནས་བསོད་ནམས་རྗེས་ཡི་རང་། ། དེ་ནི་ཡོངས་སུ་བསྔོ་བ་དང་། ། དེ་བཞིན་གསུམ་ལ་སྐྱབས་སུ་འགྲོ། ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་ཀྱིས་སྟོང་པར་བསྒོམ། ། རྣལ་འབྱོར་པ་ཡི་ཆོ་ག་ཡིས། ། ཆུ་སྐྱེས་དཀར་པོའི་དབུས་གནས་པའི། ། ཟླ་བའི་དཀྱིལ་འཁོར་སྟེང་དུ་ནི། ། སྔོན་གསུངས་ས་བོན་ལས་སྐྱེས་པའི། ། ལྷ་མོ་སྒྲོལ་མ་ཡིད་འོང་མ། ། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ནས། ། མཆོག་སྦྱིན་མ་ནི་ཨུཏྤལ་བསྣམས། ། སྟོན་ཀའི་ཟླ་བ་ལྟ་བུ་ནི། ། ཟླ་བའི་སྟེང་དུ་ཡང་དག་བཞུགས། ། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ། བཅུ་དྲུག་ལོ་ཡི་གཟུགས་ཅན་མ། ། སངས་རྒྱས་ཐམས་ཅད་དེ་ཡི་སྲས། ། ཡུམ་གྱུར་འདོད་པའི་གཟུགས་འཛིན་མ། ། འཕགས་མ་སྒྲོལ་མ་སྙིང་གར་བསྒོམ། །
In the language of India: Mṛtyuvañcanopadeśatārāsādhana. In the language of Tibet: ’Chi ba slu ba’i man ngag gi sgrol ma’i sgrub thabs (The Sādhana of Tārā: The Pith Instruction for Deceiving Death). Homage to the Noble Tārā! In a pleasing location, having risen during the morning session, sit comfortably upon a cushion. At your heart, upon a moon disc, is the first letter of the fifth [vowel group], joined with the second vowel, complete with a crescent moon and a bindu, and adorned with white light rays. By those white light rays, invite Tārā from the sky. She has two arms and a white body, holding the gesture of supreme generosity (varada) and an utpala flower. Having offered the five types of sensory offerings with devotion, confess your misdeeds, and thereafter rejoice in merit. Then, perform the dedication and likewise take refuge in the Three Jewels. With the mantra: Oṃ śūnyatājñānavajrasvabhāvātmako ’haṃ, meditate on emptiness. Through the ritual of the yogi, in the center of a white lotus, upon a moon maṇḍala, is the goddess Tārā, the lovely one, born from the previously mentioned seed-syllable. She sits in the vajra posture, holding the gesture of supreme generosity and an utpala. Like the autumn moon, she sits perfectly upon the moon. All her ornaments are complete; she has the form of a sixteen-year-old. She is the mother of all Buddhas and their sons, assuming a form to fulfill desires. Meditate on the Noble Tārā at your heart.