༄༅༅། ། རྒྱ་གར་སྐད་དུ། དུརྒ་ཏི་ཨུཏྟཱ་རི་ཎཱི་སཱ་དྷ་ནཾ། བོད་སྐད་དུ། ངན་སོང་ལས་སྒྲོལ་མའི་སྒྲུབ་ཐབས། ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་བ་ཏཻ་ཨཱརྱ་ཏཱ་ར་ཡཻ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཱི་རེ་དུརྒ་ཏི་ཨུཏྟཱ་ར་ཡ། ཧྲཱིཾ་ཧྲཱིཾ་ཧྲཱིཾ་སརྦ་དུཿཁཱཏ་མོ་ཙ་ནི་བྷ་ག་བ་ཏི་དུརྒཱ་ཏྭཱ་ར་ཎོ་མ་ཧཱ་ཡོ་གེཤྩ་རི་ཧྲཱིཾ་ན་མོ་ཏུ་རེ་སྭཱ་ཧཱ། འདིར་བཅོམ་ལྡན་འདས་མ་ངན་སོང་ལས་སྒྲོལ་བའི་སྒྲོལ་མ་ལྗང་སྔོན་ཕྱག་བཞི་པ། གཡོན་པས་ཞགས་པ་བསྣམས་པ། གཡས་པས་ལྕགས་ཀྱུ་བསྣམས་ཤིང་གུས་པས་དབུགས་འབྱིན་པ། གཡས་པས་མཆོག་སྦྱིན་པ། མཛེས་པའི་ཕྲེང་བ་དང་ན་བཟའ་མནབས་པ། ཕྱག་གཡོན་པས་ཨུཏྤ་ལ་སྔོན་པོ་བསྣམས་ཤིང་ན་བཟའ་དཀར་པོ་སྐུ་ལ་མནབས་པ་པདྨའི་གདན་ལ་བཞུགས་པ་དུས་གསུམ་དུ་བསྒོམ་པར་བྱའོ། ། སྡུག་བསྔལ་ཐམས་ཅད་ལས་སྒྲོལ་ཞིང་བཅིངས་པ་རྣམས་གྲོལ་བར་བྱེད་དེ། ལྕགས་སྒྲོག་གིས་བསྡམས་པ་དང་། ཞགས་པས་བཅིངས་པ་དང་། གདོན་གྱིས་རེངས་པ་ལས་སྒྲོལ་བར་བྱེད་དོ། ། བཅིངས་པའི་གནས་སུ་བཟླས་པར་བྱའོ། ། སྟོང་ངམ་བརྒྱད་བརྒྱ་ཉི་མ་རེ་རེ་ལ་བཟླས་པས་གྲོལ་བར་འགྱུར་རོ། ། གལ་ཏེ་མི་གྲོལ་ན་དེའི་ཚེ་མགོ་འགས་ཤིང་བཅད་པར་འགྱུར་བས་བདེ་བར་འགྱུར་རོ། ། ཆེ་གེ་མོ་གྲོལ་བར་གྱིས་ཤིག། གལ་ཏེ་མ་གྲོལ་ན་དེའི་ཚེ་མགོ་འགས་པར་འགྱུར་རོ། ། རིམས་ཆེན་པོར་འགྱུར་རོ། ། མི་བཟད་པའི་ཟུག་རྔུ་ཆེན་པོར་འགྱུར་རོ། ། སྒྲུབ་པ་པོ་མཐོང་བས་སྟེར་བར་འགྱུར་རོ། །
In the language of India: Durgatottāriṇīsādhanam. In the language of Tibet: Ngan-song-las-sgrol-ma'i-sgrub-thabs (The Sādhana of Tārā Who Liberates from the Lower Realms). Homage to the Noble Tārā! Nama āryāvalokiteśvarāya bodhisattvāya mahāsattvāya mahākāruṇikāya | Namo bhagavatyāryatārāyai | Oṃ tāre tuttāre ture vīre durgatottāraya hrīṃ hrīṃ hrīṃ sarvaduḥkhān mocani bhagavati durgāt tāraṇo mahāyogeśvari hrīṃ namas ture svāhā | Here, one should meditate three times a day on the Blessed Lady Tārā Who Liberates from the Lower Realms, who is greenish-blue in color and has four arms. Her left hands hold a noose, and her right hands hold a hook while granting relief with devotion. Her [other] right hand is in the gesture of supreme generosity. She wears beautiful garlands and robes. Her left hand holds a blue utpala lotus, and she is clad in white garments, seated upon a lotus throne. She liberates from all suffering and releases those who are bound. She liberates from being shackled in iron chains, bound by nooses, and paralyzed by malevolent spirits. One should perform the recitation at the place of confinement. By reciting it a thousand or eight hundred times each day, liberation will occur. If they are not liberated, at that time their heads will split and be severed, and they will find relief. "Liberate so-and-so!" If they are not liberated, at that time their heads will split, and they will suffer a great fever and unbearable, intense pain. By the mere sight of the practitioner, they will be granted [liberation].