༄༅༅། ། རྒྱ་གར་སྐད་དུ། པྲཛྙཱ་བརྡྷཱ་ནི་དྷི་བཱ་དཱི་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་འཕེལ་བའི་གཏེར་གྱི་ངག་གི་རྒྱལ་པོའི་སྒྲུབ་ཐབས། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། རབ་ཏུ་བཤད་པའི་མཆོད་པས་མཆོད་ནས་སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་དང་། བྱམས་པ་ལ་སོགས་པའི་སྔགས་ཀྱི་ཆོ་གས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཟླ་བ་གཉིས་ཀྱི་ནང་དུ་ཞུགས་ནས། ཆུ་སྐྱེས་སེར་པོའི་རྣམ་པར་གྱུར་པ་ལས་སེར་པོ་བི་ལས་མཾ་ཡིག་གི་ས་བོན། དེ་ལས་ཟླ་བ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ཡང་དག་པའི་ངག་གི་རྒྱལ་པོར་རང་ཉིད་དོ། ། དེ་ནས་ཤེས་རབ་བསྐྱེད་པས་ཏའི་མཐའ་དང་། རའི་མཐའ་དང་། སའི་མཐའ་རྣམས་ཀྱིས་ཚོགས་པ་ཨཱི་དང་ཟླ་བ་ཕྱེད་པ་དང་ཐིག་ལེ་དང་པོར་བཅས་པའི་སྔགས་བཟླས་པར་བྱའོ། ། ཤེས་རབ་འཕེལ་བའི་གཏེར་ངག་གི་རྒྱལ་པོའི་སྒྲུབ་ཐབས་དཔལ་ལྡན་པཎྜི་ཏ་འཕྲོག་བྱེད་འཇོམས་པས་མཛད་པ་རྫོགས་སོ། །
In the language of India: Prajñāvardhanīnidhivādirājasādhana. In the language of Tibet: Shes rab 'phel ba'i gter gyi ngag gi rgyal po'i sgrub thabs (The Sādhana of the King of Speech, the Treasury for Increasing Insight). Homage to Mañjughoṣa! Having made offerings with the explained offerings, one should confess misdeeds, rejoice in virtue, and so forth. Through the mantra ritual of loving-kindness and the rest, one enters into the suchness of all phenomena within two moons. From the transformation into the form of a yellow lotus, there is the yellow seed-syllable maṃ from bi. From the complete transformation of that and the moon and so forth, one arises as the King of Perfect Speech himself. Then, for the sake of generating insight, one should recite the mantra beginning with the tānta, rānta, and sānta clusters, together with the vowel ī, the half-moon, and the bindu. The Sādhana of the King of Speech, the Treasury for Increasing Insight, composed by the glorious Paṇḍita Harinanda, is complete.