༄༅༅། ། རྒྱ་གར་སྐད་དུ། སཱ་དྷ་ན་ས་མུཙྪ་ཡ་ནཱ་མ། བོད་སྐད་དུ། སྒྲུབ་ཐབས་ཀུན་ལས་བཏུས་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། སྲིད་དང་ངན་འགྲོས་དུབ་རྣམས་ལ། ། བདེ་དང་ཕུན་ཚོགས་ཀུན་འབྱུང་ཞིང་། ། ཡིད་བཞིན་ནོར་ལྟར་རྨད་བྱུང་བའི། ། དཔལ་ལྡན་དམ་ཚིག་གསུམ་ཕྱག་འཚལ། ། སློབ་དཔོན་སྔོན་མའི་སྒྲུབ་པའི་ཐབས། ། ཡང་དག་ཡོད་བཞིན་འདིར་སྟོན་པ། ། ཅི་སྟེ་མང་པས་འཇིགས་རྣམས་ལ། ། བསྡུས་ནས་ཉེ་བར་བསྟན་པར་བྱ། ། འདི་ཉིད་དུ་དཔལ་ལྡན་དམ་ཚིག་གསུམ་གྱི་རྒྱལ་པོའི་རྒྱུད་ཆེན་པོའི་དཀྱིལ་འཁོར་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྤྱིར་དབང་བསྐུར་བ་ཐོབ་པ་དེ་ལས་གསུངས་པ་རྣམས་སྔགས་པ་དམ་ཚིག་དང་སྡོམ་པ་ལ་གནས་པས་སྔོན་དུ་བསྙེན་པ་བྱ་སྟེ། རི་དང་དགོན་པ་ལ་སོགས་པ་རྣམས་སུ་ཕུག་གམ་ཁྱིམ་མམ་སྐྱེད་མོས་ཚལ་ལ་སོགས་པའང་རུང་སྟེ། གཙང་ཞིང་སྐྱེ་བོས་དབེན་པ་ཡིད་དུ་འོང་བ་རྣམས་སུ་གནས་ནས། དང་པོ་རེ་ཞིག་འདིར་རྩ་བའི་སྔགས་ནི་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་དྲུང་དུ་མཎྜལ་མེ་ཏོག་སིལ་མ་མངོན་པར་བཀྲམ་སྟེ། ཕྱག་འཚལ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་བྱ་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ངེས་པར་ཕུལ་ནས་དེ་ལ་ཕྱག་འཚལ་བར་དམིགས་ནས་བཟླས་པ་བརྩམ་པར་བྱ་སྟེ་སྟོང་ཕྲག་གཅིག་བཟླས་པར་བྱའོ། ། དེ་ནས་སྔགས་ཐམས་ཅད་འབུམ་བཟླས་པར་བྱ་བ་ཡིན་ནོ། ། སྲུང་བ་ལ་སོགས་པ་ཐམས་ཅད་ཀྱི་སྔགས་ཀྱིས་འདིའི་དངོས་གྲུབ་ཏུ་འགྱུར་རོ། ། དེ་ལ་འདིར་རིག་སྔགས་ནི། ། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ།
In the language of India: Sādhanasamuccayanāma. In the language of Tibet: Sgrub thabs kun las btus pa zhes bya ba (The Compendium of Sādhanas). Homage to all Buddhas and Bodhisattvas! To those exhausted by cyclic existence and the lower realms, You are the source of all happiness and excellence; To the glorious Triple Samaya, Wondrous like a wish-fulfilling jewel, I prostrate. Although the sādhanas of former masters already exist, I shall present them here in a condensed form For the sake of those who fear excessive detail. In this very context, having received the general empowerment into the colored-powder maṇḍala of the great tantra of the Glorious King of the Triple Samaya, the practitioner who abides by the samayas and vows should first perform the preliminary service (sevā). In a mountain, a forest, or the like—whether in a cave, a house, or a grove—one should dwell in a clean, secluded, and pleasant place. First, in the presence of a Buddha image, one should arrange a maṇḍala strewn with loose flowers, prostrate, and generate the mind of enlightenment (bodhicitta). Having offered oneself to all Buddhas and Bodhisattvas and visualizing prostrating to them, one should begin the recitation, reciting the root mantra one thousand times. Thereafter, one should recite all the mantras one hundred thousand times. Through the mantras of protection and so forth, the accomplishments (siddhi) of this practice will be attained. In this regard, the vidyā-mantra is: Namaḥ sarvabuddhabodhisattvānām.