༄༅༅། ། རྒྱ་གར་སྐད་དུ། ནཻ་རཱཏྨ་སཱ་དྷ་ནཾ། བོད་སྐད་དུ། བདག་མེད་མའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་བདག་མེད་མ་ལ་ཕྱག་འཚལ་ལོ། ། དང་པོའི་སེམས་ཅན་ཐམས་ཅད་བསྒྲལ་བར་བྱེད་པའི་མཚན་ཉིད་ཀྱི་སྙིང་རྗེ་རྣམ་པར་བསྒོམས་ལ། ཕྱི་དང་ནང་དུ་བཅས་པ་སྟོང་པ་ཉིད་དུ་དམིགས་ལ། བར་སྣང་ལ་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ལས་གྲི་གུག་དེ་ཆང་གཟུངས་ལ་ཟླ་བ་ལ་ཨོཾ་ཡིག་བསམ་པར་བྱའོ། ། དེ་ནས་རྣལ་འབྱོར་མའི་འཁོར་ལོ་སྤྲོ་བ་དང་། བསྡུ་བ་བལྟས་ཏེ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རོའི་སྙིང་གར་ཟླ་བ་ལ་བཅོམ་ལྡན་འདས་མ་བདག་མེད་མ་མདོག་ནག་མོ་གྲི་གུག་དང་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་པའོ། ། ཕྱག་གཉིས་མ། ཞལ་གཅིག་མ་བསམ་པར་བྱའོ། ། སྤྱན་གསུམ་ཟླུམ་ཞིང་དམར་བ། སྐྲ་ཁམ་པ་གྱེན་དུ་འགྲེང་བའོ། ། མགོ་བོ་དང་། མགྲིན་པ་དང་། སྙིང་ག་རྣམས་སུ་ཨོཾ་ཨཱཿཧཱུཾ་གི་ཡི་གེ་སྙིང་གར་ཟླ་བ་ལ་གྲི་གུག་གི་ཆང་གཟུངས་ཀྱི་ཟླ་བ་ལ་ཨོཾ་བལྟས་ཏེ་སྔགས་བཟླས་པར་བྱའོ། ། ཨོཾ་ཨ་ཨཱ་ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ་ཨཾ་སྭཱ་ཧཱ། ཞེས་བྱ་བ་ནི་བཟླས་པའི་སྔགས་སོ། ། བདག་མེད་མའི་སྒྲུབ་ཐབས་རྫོགས་སོ། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ། ། །
In the language of India: Nairātmasādhana. In the language of Tibet: Bdag med ma’i sgrub pa’i thabs (The Sādhana of Nairātmyā). Homage to the Blessed One, Nairātmyā. First, one should meditate on compassion characterized by the liberation of all sentient beings. Then, visualize the outer and inner as emptiness. In the space before you, upon a moon maṇḍala, from the syllable OṂ, visualize a curved knife; upon the handle of that knife, on the moon, visualize the syllable OṂ. Then, observe the emanation and reabsorption of the wheel of yoginīs. From the total transformation of all that, at the heart of a corpse, upon a moon, visualize the Blessed Lady Nairātmyā, black in color, holding a curved knife, a skull-cup, and a khaṭvāṅga. She has two arms and one face. She has three round, red eyes and brown hair standing upright. At the head, throat, and heart are the syllables OṂ ĀḤ HŪṂ. At the heart, upon a moon, visualize a curved knife; upon the moon at its handle, visualize the syllable OṂ. Then, recite the mantra: OṂ A Ā I Ī U Ū Ṛ Ṝ Ḷ Ḹ E AI O AU AṂ SVĀHĀ. This is the mantra for recitation. The Sādhana of Nairātmyā is complete. Translated by the Paṇḍita Amoghavajra and the Khampa translator, the monk Bari.