ཨི་ལི་མིད་ཏེ་ཏི་ལི་མིད་ཏེ་ཨི་ཏི་ལི་མིད་ཏེ། དུམ་བེ་དུམ་བཱ་ལི་མེ། དུསྨེ་དུསྨ་ལེ་ཡེ། ཏར་ཀེ་ཏར་ཀ་ར་ཎེ། མར་མེ་མར་མར་ཎེ། ཀསྨེ་རེ་ཀསྨཱི་ར་མུ་ག་ཏེ། ཨཱ་གྷེ་ཨ་གྷ་ནེ། ཨཱ་གྷ་ན་གྷ་ནེ། ཨི་ལི་ཨི་ལི་ཨེ། མི་ལི་ཨེ་མི་ལི། མི་ལི་མི་ལི་ཨེ། ཨག་ཁ་ཨི་ཨེ། ཨ་བྱ་ཨི་ཨེ། སྭེ་ཏེ་ཤྭེ་ཏཏྟ་ཎཾ་ཌཾ། ཨ་ན་ནུ་རག་ཏེ་སྭཱ་ཧཱ། དགེ་སློང་བདག་གི་རིག་པ་འདི་ཐམས་ཅད་དུ་དཀར་བ་སྦྱིན་པར་འོས་པ་རིག་པ་འདི་ལན་ཅིག་མཉན་པས་ལོ་བདུན་དུ་སྦྲུལ་གྱིས་འཛིན་པར་མི་འགྱུར་རོ། ། དེའི་ལུས་ལ་ཡང་དུག་གིས་འགོ་བར་མི་འགྱུར་རོ། ། གང་ཞིག་རིག་པ་འདི་དགེ་སློང་དག་གིས་འཛིན་པར་གྱུར་ན། ཇི་སྲིད་འཚོའི་བར་དུ་སྦྲུལ་གྱིས་འཛིན་པར་མི་འགྱུར་རོ། ། སུ་ལ་ཡང་འདིར་དུག་གིས་འཆི་བར་མི་འགྱུར་རོ། ། གལ་ཏེ་ཡང་སྦྲུལ་གྱིས་བཟུང་ན་དེ་རྣམ་པ་བདུན་དུ་མགོ་འགས་པར་འགྱུར་ཏེ། ཨརྫ་ཀའི་དོག་པ་བཞིན་ནོ། ། འཕགས་མ་དུག་སེལ་མའི་གཟུངས་རྫོགས་སོ། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། །
Ilimite tilimite ilimite | dumbe dumvālime | dusme dusmalaye | tarketarkaraṇe | marmedmarmaraṇe | kasmere kasmaramugate | āghe aghanai | āghanaghane | ili ili e | mili emili | mili mili e | akha i e | abya i e | sveteshvetattanaṃ ḍaṃ | ananuragate svāhā | Monk, this knowledge of mine is entirely white and worthy of being given. By hearing this knowledge even once, one will not be seized by a snake for seven years. Furthermore, poison will not affect one’s body. If any monk should hold this knowledge, he will not be seized by a snake for as long as he lives. No one here will die from poison. Even if one is seized by a snake, its head will split into seven pieces, like the cluster of an arjaka flower. This concludes the Noble Dhāraṇī for Dispelling Poison. Translated by the Paṇḍita Amoghavajra and the Khampa translator, the monk Bari.