༄༅༅། ། རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། ། སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ། ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ། མདོག་སེར་པོའི་ཡི་གེ་དྷཱིཿཡོངས་སུ་གྱུར་པ་ལས་སྣ་ཚོགས་ཀྱི་པདྨ་ལ་ཧ་སེར་པོ་ཨ་ལ་སོགས་པ་དབྱངས་ཡིག་བཅུ་དྲུག་གིས་ཡོངས་སུ་བསྐོར་བ། དེ་ནས་ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་གཉིས་ཀྱིས་ཡོངས་སུ་བསྐོར་བ། དེ་ལས་སྒེག་མོ་དང་། ཕྲེང་བ་མ་དང་། གར་མ་དང་། གླུ་མ་དང་། མེ་ཏོག་མ་དང་། བདུག་སྤོས་མ་དང་། མར་མེ་མ་དང་། དྲི་མ་སྟེ། རྣལ་འབྱོར་མ་བརྒྱད་དོ། ། འདི་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཟླ་བ་ལས་བྱུང་བའི་འོད་གསལ་བའོ། ། དེའི་སྟེང་དུ་པདྨའོ། ། དེའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏིའོ། ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཉིས་པའོ། ། འདི་ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མདོག་སེར་མོ་ཞལ་གཅིག་མ། ཕྱག་གཉིས་མ་དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་ཅན། ཆོས་འཆད་པའི་ཕྱག་རྒྱ་དང་ལྡན་པ་སྣ་ཚོགས་ཀྱི་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། རྒྱན་ཐམས་ཅད་དང་། ན་བཟའ་དང་ལྡན་པ། གཡོན་པ་དང་གཡས་པའི་ལོགས་སུ་ཨུཏྤལ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཆང་བའོ། ། སྔགས་ནི་ཨོཾ་ཨཱཿདྷཱིཿཧཱུཾ་སྭཱ་ཧཱ། ཧཱུཾ་སེར་པོ་ནི་དཔྲལ་བར་རོ། ། ཨཱཿདཀར་པོ་ནི་མགྲིན་པའོ། ། དྷཱིཿསེར་པོ་ནི་སྙིང་གར་རོ། །
In the language of India: Prajñāpāramitāsādhanam. In the language of Tibet: Sherab kyi pharol tu phyin ma'i sgrub thabs (The Sādhana of the Perfection of Wisdom). Homage to the Perfection of Wisdom. Following the meditation on emptiness according to the previously taught ritual, from the syllable A arises a moon maṇḍala. Upon it, the yellow syllable Dhīḥ completely transforms into a multicolored lotus, surrounded by the sixteen vowels beginning with A, and further surrounded by the thirty-two consonants beginning with Ka. From these arise the eight yoginīs: Lāsyā, Mālā, Nṛtyā, Gītā, Puṣpā, Dhūpā, Dīpā, and Gandhā. All of these completely transform into the luminosity arising from the wisdom moon. Above that is a lotus; above that is the volume of the Perfection of Wisdom; and above that is a second moon maṇḍala. From the complete transformation of all these, there appears the Bhagavatī Prajñāpāramitā, yellow in color, with one face and two hands. She is adorned with the crown of the five Tathāgatas, possesses the mudrā of teaching the Dharma, and sits upon a multicolored lotus and moon seat. She is arrayed in all ornaments and garments, and in her left and right sides she holds the volume of the Perfection of Wisdom resting upon utpala flowers. The mantra is: Oṃ Āḥ Dhīḥ Hūṃ Svāhā. The yellow Hūṃ is at the forehead; the white Āḥ is at the throat; the yellow Dhīḥ is at the heart.