༄༅༅། ། རྒྱ་གར་སྐད་དུ། དྷྭ་ཛཱ་གྲ་ཀེ་ཡཱུར་སཱ་དྷ་ནཾ། བོད་སྐད་དུ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སྐུ་མདོག་ནག་མོ་ཞལ་གསུམ་ཕྱག་བཞི་མའོ། ། གཡས་པ་དང་གཡོན་པའི་ཞལ་ནི་དམར་མོ་དང་ལྗང་གུའོ། ། རལ་གྲི་དང་ཞགས་པ་བསྣམས་པ་ནི་གཡས་པའི་ཕྱག་གཉིས་སོ། ། རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་འཁོར་ལོ་ནི་གཡོན་པའི་ཕྱག་གཉིས་ན་སྟེ་སྐྲ་ཁམ་སེར་གྱེན་དུ་གྱུར་པ། དབུ་ལ་ཐོད་པ་སྐམ་པོ་ལྔས་རྒྱན་དུ་མཛད་པ་སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཞལ་གྱི་མཆེ་བ་གཙིགས་པར་གྱུར་པ་གསུས་པ་འཕྱང་བར་གྱུར་པ་གཡས་བསྐུམ་པའི་ཞབས་ཀྱིས་ཉི་མའི་གདན་དང་འོད་ཟེར་ཅན་ཏེ། སྟོད་ཤག་སེར་པོ་མནབས་པར་གྱུར་པ་དང་། ས་བོན་ནི་ཧཱུཾ་དང་དབུ་རྒྱན་ལ་མི་བསྐྱོད་པའོ། ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །
In the language of India: Dhvajāgrakeyūrāsādhana. In the language of Tibet: rGyal mtshan rtse mo'i dpung rgyan gyi sgrub thabs (The Sādhana of the Armlet of the Pinnacle of the Victory Banner). The deity Dhvajāgrakeyūrā is black in color, with three faces and four arms. Her right and left faces are red and green, respectively. Her two right hands hold a sword and a noose. Her two left hands hold a khaṭvāṅga marked with a vajra and a wheel. Her tawny hair is tied upward, and her head is adorned with five dry skulls. She wears a lower garment of tiger skin, her fangs are bared, and her belly is protruding. She stands in the posture with the right leg bent upon a solar seat and radiant light. She wears a yellow upper garment. Her seed syllable is HŪṂ, and her crown ornament is Akṣobhya. This Sādhana of the Armlet of the Pinnacle of the Victory Banner was translated by the monk Tsultrim Gyaltsen from the [work of] Abhaya.