༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་བུདྡྷ་ཨ་ནུ་སྨྲྀ་ཏི། བོད་སྐད་དུ། འཕགས་པ་སངས་རྒྱས་རྗེས་སུ་དྲན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ། ། དེ་བཞིན་གཤེགས་པ་དེ་ནི། བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པས་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་གྱི་མེ་ཏོག་རྒྱས་པ་སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་བལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ་འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་ཆད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ།
In the language of India: Ārya-buddhānusmṛti. In the language of Tibet: ’Phags pa sangs rgyas rjes su dran pa. Homage to all buddhas and bodhisattvas! Thus, the Blessed One is a tathāgata, an arhat, a perfectly complete buddha; one endowed with knowledge and conduct; a sugata; a knower of the world; a charioteer who tames beings; unsurpassed; the teacher of gods and humans; the Buddha, the Blessed One. That tathāgata is the natural result of merits; one for whom the roots of virtue are never lost; adorned with patience; the foundation of treasures of merit; embellished with the minor marks; with the flowers of the major marks in full bloom; whose sphere of activity is appropriate; whom it is never disagreeable to behold; who brings great joy to those who aspire with faith; whose insight is unsurpassed; whose powers are unassailable; the teacher of all sentient beings; the father of the bodhisattvas; the king of the noble individuals; the captain for those traveling to the city of nirvāṇa; one of immeasurable wisdom; of inconceivable eloquence; of pure speech; of melodious voice; whose physical form one can never tire of beholding; whose body is peerless; unstained by desires; unstained by forms; unmixed with the formless; completely liberated from the aggregates; not possessing the elements; with the sense bases restrained; with the knots completely severed; and completely liberated from all torments.