༄༅༅། ། རྒྱ་གར་སྐད་དུ། པཉྩ་རཀྵཱ་རྩྩན་པི་དྷིཿ། བོད་སྐད་དུ། བསྲུང་བ་ལྔའི་མཆོད་པའི་ཆོ་ག། བཅོམ་ལྡན་འདས་མ་སོ་སོར་འབྲང་མ་ལ་ཕྱག་འཚལ་ལོ། ། ཨོཾ་ཨཱཿདཔལ་ལྡན་རྡོ་རྗེ་ཞེས་པ་ལ་སོགས་པ་ནི་གནོད་སྦྱིན་ཤ་ཟ་སྲིན་པོའི་ཚོགས་ཀྱིས་སྐྲག་པར་བྱེད་ཅིང་བརྣག་དཀའི་འཇིགས་པ་རྣམས་དང་། ལོ་ཉེས་ཉེར་འཚེ་ནད་དང་ཆུ་སྲིན་རྣམས་ཀྱིས་མནན་པའི་འགྲོ་བ་འདི་གཟིགས་ནས། ། བརྩེར་ལྡན་ཐམས་ཅད་མཁྱེན་པ་ཡིས་ནི་སོ་སོར་འབྲང་མ་རྟག་ཏུ་བྱུང་བ་ཡིན། ། བཅོམ་ལྡན་འདས་མི་མཆོག་གི་དབང་ཕྱུག་དོན་ཀུན་ཕུན་ཚོགས་མཛད་མ་དེ་ལ་འདུད། ། ཨོཾ་ཨཱཿཧཱུཾ། སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སེམས་ཅན་ཐམས་ཅད་ཉེ་བར་གཟུང་བའི་སླད་དུ་བདག་ཉིད་སོ་སོར་འབྲང་མའི་གཟུགས་སུ་བསྒོམ་པར་བྱ་སྟེ། ལག་པ་གཡས་སུ་ཨཱཾ་ཡིག་གིས་ཉི་མའི་དཀྱིལ་འཁོར་དང་ལག་པ་གཡོན་པར་ཨཱ་ཡིག་གིས་ཟླ་བའི་དཀྱིལ་འཁོར་རོ། ། ལག་པའི་དུང་དག་ལ་ཧཱུཾ་ཡིག་གིས་རྡོ་རྗེ་རྩེ་ལྔ་པར་རྣམ་པར་བསྒོམས་ནས། པད་སྐོར་གྱིས་དུང་བྱིན་གྱིས་བརླབ་པོ། ། ཨོཾ་མ་ཎི་དྷ་རི་བཛྲ་ཎི་མ་ཧཱ་པྲ་ཏི་ས་རེ་རཀྵ་རཀྵ་ཧཱུཾ་ཧཱུཾ་སྭཱ་ཧཱ། ཨོཾ་སརྦ་བིགྷྣཱཾ་ཨུཏྤཱ་ར་ཡ་ཧཱུཾ། ཨོཾ་པུཥྤེ་ཞེས་པ་ལ་སོགས་པས་མེ་ཏོག་ལ་སོགས་པ་བྱིན་གྱིས་བརླབ་བོ། ། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་པ་ལ་སོགས་པས་གཏོར་མ་བྱིན་གྱིས་བརླབ་བོ། ། ཨོཾ་ཨཱཿཧཱུཾ་རཀྵ་རཀྵ་ཕཊ་སྭཱ་ཧཱ། ཨོཾ་སྠཱ་ནཾ་མེ་རཀྵ་ཧཱུཾ། ཨོཾ་ཡོ་ག་མེ་རཀྵ་ཧཱུཾ། ཨོཾ་ཨཱཏྨ་ནཾ་མེ་རཀྵ་ཧཱུཾ།
In the language of India: Pañcarakṣāpūjāvidhiḥ. In the language of Tibet: Bsrung ba lnga'i mchod pa'i cho ga (The Ritual for the Offering of the Five Protections). Homage to the Blessed Lady, Pratisarā. Oṃ āḥ. The glorious vajra, and so forth: Having beheld these beings oppressed by the hosts of yakṣas, piśācas, and rākṣasas, by terrifying and unbearable fears, by crop failures, calamities, diseases, and crocodiles, the compassionate Omniscient One brought forth the Pratisarā. I bow to that Blessed One, the Sovereign of the Supreme Men, who accomplishes the perfection of all aims. Oṃ āḥ hūṃ. Svabhāvaśuddhāḥ sarvadharmāḥ svabhāvaśuddho 'haṃ. Oṃ śūnyatājñānavajrasvabhāvātmako 'haṃ. In order to embrace all sentient beings, one should meditate on oneself in the form of Pratisarā. On the right hand is a sun maṇḍala by means of the syllable Āṃ, and on the left hand is a moon maṇḍala by means of the syllable Ā. Having visualized a five-pronged vajra on the conch of the hands by means of the syllable Hūṃ, one consecrates the conch with the lotus-circling gesture (padma-gyora). Oṃ maṇidhari vajri mahāpratisare rakṣa rakṣa hūṃ hūṃ svāhā. Oṃ sarvavighnān utpāraya hūṃ. One consecrates the flowers and so forth with "Oṃ puṣpe," and so forth. One consecrates the torma with "Oṃ akāro mukhaṃ," and so forth. Oṃ āḥ hūṃ rakṣa rakṣa phaṭ svāhā. Oṃ sthānaṃ me rakṣa hūṃ. Oṃ yogaṃ me rakṣa hūṃ. Oṃ ātmānaṃ me rakṣa hūṃ.